མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམངས་སྲིད་པུས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཁྱད་ཆོས་ཡོད་པའི་བྱིས་པའི་ཕན་བདེའི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་སྐུལ་ལྕག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-16 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།དམངས་སྲིད་པུས་ཉེ་ཆར་དམངས་སྲིད་པུས་བྱིས་པའི་ཕན་བདེའི་ཁྱབ་ཁོངས་ཀྱི་དགེ་སྒྲུབ་བྱ་སྤྱོད་ཀྱི་ཁྲིད་སྟོན་སྒྲིག་གཞི་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་འགྲེམ་སྤེལ་བྱས་ཡོད་པ་རེད། བསམ་འཆར་ནང་བྱིས་པའི་ཕན་བདེའི་ཁྱབ་ཁོངས་ཀྱི་དགེ་སྒྲུབ་བྱ་སྤྱོད་ཀྱི་ཁྲིད་སྟོན་སྒྲིག་གཞི་འཛུགས་སྐྱོང་གི་སྤྱིའི་བསམ་ཕྱོགས་ཁ་གསལ་བཏོན་ཡོད་པ་དང་།སྲིད་གཞུང་གིས་ཐུན་མོང་རང་བཞིན་དང་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་སྟེང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཁྱད་ཆོས་ཡོད་པ་དང་ཁྱད་པར་ཡོད་པ། དམིགས་ས་རང་བཞིན་ཡོད་པ་བཅས་ཀྱི་རོགས་སྐྱོབ་དང་ཞབས་ཞུ་སྒྲུབ་རྒྱུར་སྐུལ་ལྕག་བྱས་ཡོད་པ།སྤྱི་ཚོགས་སྟོབས་ཤུགས་ཀྱིས་དཔལ་འབྱོར་གྱི་རོགས་སྐྱོར་བྱེད་པ་དང་དུས་མཚུངས་སུ་ཞབས་ཞུ་མཁོ་འདོན་བྱེད་རྒྱུར་སྔར་བས་ཕྱོགས་ལྷུང་བྱེད་དགོས་པའི་སྐུལ་ལྕག་བྱས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག