མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2013ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་དངུལ་སྒོར་དུང་ཕྱུར217.5བཀོད་སྒྲིག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-16 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།2013ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་དངུལ་སྒོར་དུང་ཕྱུར་༢༡༧དང་བྱེ་བ་༥བཀོད་སྒྲིག་བྱས་ཡོད་པ་དང་།ཁྱོན་ཁ་གསབ་སྤྲད་དེ་ཉོ་སྒྲུབ་བྱས་ཆོག་པའི་རིགས་ཁག་གི་ཞིང་ལས་འཕྲུལ་ཆས་ས་ཡ5.94ཟིན་ཞིང་། དེས་ཞིང་ཁྱིམ་ས་ཡ3.82ལ་ཕན་པ་སྐྲུན་ཐུབ་ཡོད་པ་རེད།སྤྱི་ལོ2014ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་མུ་མཐུད་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་སྤྲོད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

ནོར་སྲིད་པུས་སྤྱི་ལོ2013ལོར།ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་དང་།དེས་འབྲུ་རིགས་ཐོན་སྐྱེད་ལོ་བཅུ་བསྟུད་མར་ཐོན་འཕར་ཡོང་བ་དང་།ཞིང་པའི་ཡོང་འབབ་ལོ་བཅུ་བསྟུད་མར་འཕར་སྣོན་མགྱོགས་པོ་ཡོང་བ་མངོན་འགྱུར་ཐུབ་ཆེད་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད་ཅེས་བཏོན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག