མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-16 10:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རང་རྒྱལ་གྱིས་དབུལ་འཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པ་དང་། ད་ལོ་གཅིག་བསྡུས་ཐོག་ནས་སྒྲོག་ཙེ་དང་རྐུབ་སྟེགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།

མིག་སྔར་རང་རྒྱལ་གྱི་དབུལ་ཕོངས་ས་ཁུལ་མི་ཉུང་བ་ཞིག་ལ་སློབ་གཉེར་མ་གནས་ཅུང་མཐོ་བ་དང་སློབ་གཉེར་ཆ་རྐྱེན་ཅུང་ཞན་པའི་གནད་དོན་ཡོད་ཅིང་།ཞག་སྡོད་ལམ་ལུགས་སློབ་གྲྭའི་ཉལ་ཁང་དང་ཟ་ཁང་སོགས་འཚོ་བའི་སྒྲིག་བཀོད་མི་འདང་བ། གྲོང་ཚོའི་སློབ་ཆུང་གི་སློབ་ཁྲིད་ཁོར་རྒྱུག་དཀའ་ངལ་ཆེ་བ།དགེ་རྒན་དཔུང་ཁག་བརྟན་པོ་མེད་པ་སོགས་ཀྱི་གནད་དོན་དེ་ཚོ་རང་རྒྱལ་གྱི་འོས་འགན་སློབ་གསོའི་བྱ་བཞག་གོང་འཕེལ་གྱི་ཉམ་ཞན་ལྷུ་ཚིགས་ལ་གྱུར་ཡོད།

སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ལེའུ་ལེ་མིན་གྱིས་གོམ་སྟབས་རྗེས་མར་ས་ཁུལ་དེ་ཚོའི་གཞི་རྩའི་སློབ་ཁྲིད་ཆ་རྐྱེན་དང་འཚོ་བའི་སྒྲིག་བཀོད་འགན་ལེན་བྱ་རྒྱུ་དང་ལྷག་པར་དུ་སྒྲོག་ཙེ་དང་རྐུབ་སྟེགས་ཀྱི་གནད་དོན་སྔོན་ལ་ཐག་གཅོད་བྱ་རྒྱུ་ཡིན་ཞེས་དང་། ཁོང་གིས། ང་ཚོས་ལོ་གསུམ་ནས་ལྔའི་ནང་གནད་དོན་དེ་ཚོ་ཐག་གཅོད་བྱ་རྒྱུའི་འཆར་གཞི་ཡོད་ཀྱང་ད་ལོ་ང་ཚོས་དམིགས་སུ་བཀར་ནས་ས་གནས་ཁག་གིས་ངེས་པར་དུ་སྒྲོག་ཙེ་དང་རྐུབ་སྟེགས་ཀྱི་གནད་དོན་སྔོན་ལ་ཐག་གཅོད་བྱེད་དགོས་པ་བཏོན་ཡོད། ང་ཚོས་སྤྱི་ཟླ3པར་གནད་དོན་དེ་ཚོའི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་འགོ་འཛུགས་རྒྱུ་དང་།སློབ་གྲྭ་གང་དང་གང་ལ་སྒྲོག་ཙེ་དང་རྐུབ་སྟེགས་སྒྲིག་བཀོད་བྱས་མེད་པའི་གནད་དོན་ཤེས་རྟོགས་ཐུབ་ཚེ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག