མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆཱང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:21

pic001_001.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆཱང་གིས་ཚེས14བཞི་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་མཇལ་འཕྲད་གནང་། 

       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆཱང་གིས་ཚེས14ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་མཇལ་འཕྲད་གནང་།

       ལིས་ཁི་ཆཱང་གིས་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཆེས་ཆེན་པོ་ཡིན་ལ། ཕྱོགས་གཉིས་ཀྱིས་འཐབ་ཇུས་འབྲེལ་འདྲིས་དང་མཉམ་ལས་སྲུང་འཛིན་བྱས་ན་ཨ་མེ་རི་ཁ་དང་ཀྲུང་གོའི་བར་གསར་དར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་པ་དང་། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས།དར་རྒྱས་བཅས་ལ་ཡར་སྐུལ་གཏོང་བར་ཡང་ཕན་པ་ཡོད་པས།ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། སྔར་ལས་དངོས་གཉེར་དང་སྒོ་འབྱེད་ཀྱི་རྣམ་འགྱུང་བཅངས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་བཏང་སྟེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་གསུངས།

       ལིས་ཁི་ཆཱང་གིས་ཀྲུང་གོ་དང་ཨ་མེ་རི་ཁས་ཕྱོགས་གཉིས་ཀྱི་དངུལ་གཏོང་ཆོད་དོན་གྱི་གྲོས་མོལ་ལ་སྐུལ་འདེད་གང་ལེགས་བཏང་སྟེ།ནུས་ཁུངས་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་དགོས་པ་དང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ལག་རྩལ་མཉམ་ལས་ལ་ཤུགས་སྣོན་དགོས་པའི་ཐུགས་རེ་བཏོན།

       ཁི་ལེ་ཡིས་ཨ་མེ་རི་ཁ་དང་ཀྲུང་གོའི་འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་དང་མཉམ་ལས་བྱེད་པ་དེ་ཧ་ཅང་གལ་ཆེ།ཨ་མེ་རི་ཁས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་། ཕྱོགས་གཉིས་ཀྱི་དངུལ་གཏོང་ཆོད་དོན་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་བ།ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ཐད་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ།ཨ་མེ་རི་ཁ་དང་ཀྲུང་གོའི་གསར་དར་རྒྱལ་ཁབ་ཆེན་པོའི་འབྲེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བཤད།

       ཕྱོགས་གཉིས་ཀྱིས་ད་དུང་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག