མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:21

2.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་མཇལ་འཕྲད་གནང་།  

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས14ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་མཇལ་འཕྲད་གནང་། ཁི་ལེ་ཡིས་ཨོ་པ་མ་ཡིས་ཞི་ཅིན་ཕེན་ལ་ལོ་སར་གྱི་རྟེན་འབྲེལ་ཞུས་པ་བརྒྱུད་བསྒྲགས་བྱས་པ་དང་། ཙུང་ཐུང་ཨོ་པ་མ་ཡིས་ཅང་མི་འགོར་བར་ཡང་བསྐྱར་ཀྲུའུ་ཞི་ཞི་ཅིན་ཕེན་ལ་ཐུག་འཕྲད་བྱེད་རྒྱུ་མ་ཟད་ལོ་གསར་བའི་ནང་ཀྲུའུ་ཞི་ཞི་ཅིན་ཕེན་ལ་འགྲོ་འོང་ཟབ་མོ་བྱེད་རྒྱུའི་རེ་སྒུག་བྱས་འདུག་ཅེས་བཤད།

  ཞི་ཅིན་ཕེན་གྱིས་ཁི་ལེ་བརྒྱུད་དེ་ཙུང་ཐུང་ཨོ་པ་མ་ལ་འཚམས་འདྲི་བྱས་པ་མ་ཟད།ཀྲུང་གོས་ཨ་མེ་རི་ཁ་དང་མཉམ་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་བར་གསར་དར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པར་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད་ལ། ཨ་མེ་རི་ཁའི་བར་གྱི་གྲོས་མོལ་ལ་ཤུགས་སྣོན་པ་དང་།ཡིད་ཆེས་ཇེ་ཆེར་གཏོང་བ།མཉམ་ལས་ཇེ་ཟབ་ཏུ་གཏོང་བ།འགལ་བ་འོས་འཚམ་གྱིས་ཐག་གཅོད་པ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་སྲིང་དང་བདེ་བླག བརྟན་འཇགས་བཅས་ཀྱི་སྒོ་ནས་གོང་འཕེལ་དུ་གཏོང་འདོད་ཡོད་ཅེས་གསུངས།

 ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་དང་འཐབ་ཇུས་ཀྱི་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱས་ཏེ།ཀྲུང་གོ་དང་ཨ་མེ་རི་ཁའི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་དང་མི་གཞུང་བརྗེ་རེས། མཐོ་རིམ་གྲོས་མོལ་སོགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་དེ་གོང་འཕེལ་བཟང་པོ་གཏོང་བ་དང་།དཔལ་འབྱོར་ཉོ་ཚོང་དང་ས་གནས།མི་གཞུང་།དམག་དོན།ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ཀྱི་གྲོས་མོལ་དང་མཐུན་སྦྱོར། མཉམ་ལས་བཅས་ལ་ཤུགས་སྣོན་དགོས་ཞེས་ནན་གྱིས་བསྟན།

 ཁི་ལེ་ཡིས་ཨ་མེ་རི་ཁས་ཨ་མེ་རི་ཁ་དང་ཀྲུང་གོའི་བར་གསར་དར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ།ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ནི་འཛམ་གླིང་དཔལ་འབྱོར་ཕུང་པོ་ཆེན་པོ་གཉིས་ཡིན་པའི་ཆ་ནས། དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་འགལ་བར་ཚོད་འཛིན་བཟང་པོ་བྱས་ཏེ།རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་གྱི་སྐུལ་འདེད་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་འོས་ཞེས་བཤད།

 ནམ་ཟླའི་འགྱུར་ལྡོག་གི་གནད་དོན་ཐད་ནས་ཞི་ཅིན་ཕེན་གྱིས་ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ།ཀྲུང་གོ་དང་ཨ་མེ་རི་ཁའི་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་ན་ཡང་། ལྗང་མདོག་ཐཱན་ཉུང་དང་ནུས་ཁུངས་གྲོན་ཆུང་།བཙོག་རྫས་ཉུང་འདོན་སོགས་ཕྱོགས་ནས་ཁེ་ཕན་འདྲ་བ་དང་།སོ་སོར་རང་གི་ཁྱད་ཆོས་ཡོད་པས།ཕྱོགས་གཉིས་ཀྱིས་མཉམ་ལས་བྱས་ཏེ་གྲུབ་འབྲས་སྔར་ལས་མང་པོ་ལེན་དགོས་ཞེས་གསུངས།

 ཁི་ལེ་ཡིས་ཨ་མེ་རི་ཁས་ཀྲུང་གོའི་བར་གྱི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་བསྣན་ཏེ།འཛམ་གླིང་གིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།

ཕྱོགས་གཉིས་ཀྱིས་ད་དུང་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པ་དང་། ཞི་ཅིན་ཕེན་གྱིས་ཀྲུང་གོའི་འབྲེལ་ཡོད་ལངས་ཕྱོགས་རྒྱས་བཤད་མཛད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག