མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་དམག་དཔུང་གི་སློབ་གསོ་ལག་ལེན་བྱ་འགུལ་ལ་མཛུབ་སྟོན་གལ་ཆེན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-14 12:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་ལམ་དམག་དཔུང་གི་སློབ་གསོ་ལག་ལེན་བྱ་འགུལ་ལ་མཛུབ་སྟོན་གལ་ཆེན་གནང་སྟེ། དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་ཏེ། དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་ལ། ཕན་འབྲས་ལྡན་པའི་ཉམས་མྱོང་བསགས་ཡོད། དག་ཐེར་བཅོས་སྐྱོང་དང་དངོས་འབེབ་བྱ་བ་མུ་མཐུད་དུ་དམ་འཛིན་བྱས་ནས། སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་ཇེ་བརྟན་དུ་གཏོང་དགོས། ཚད་གཞི་མཐོ་ཞིང་ཆུ་ཚད་བཟང་བའི་སྒོ་ནས་སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་དམ་འཛིན་བྱས་ནས། གྲུབ་འབྲས་དངོས་ཐོབ་པར་དངོས་སུ་ཁག་ཐེག་བྱེད་དགོས་ཟེར། ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ལས་དམག་དཔུང་གི་སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་དང་ཕན་འབྲས་ལྡན་པའི་ཉམས་མྱོངས་ལ་ཁས་ལེན་བྱས་པར་མ་ཟད། སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་བྱ་བའི་གྲུབ་འབྲས་ཇེ་བརྟན་དུ་གཏོང་དགོས་ཤིང་། སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་བསམ་ཕྱོགས་དང་བྱེད་ཐབས། དམིགས་འབེན་དང་རེ་བ་བཅས་གཏན་ལ་ཕབ་སྟེ། སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བར་འབད་བརྩོན་བྱེད་པའི་ཁ་ཕྱོགས་སྔར་ལས་གསལ་བོར་བསྟན་པས། མགོ་ཚུགས་ས་གསར་བ་ནས་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པར་བརྩི་འཇོག་བྱེད་ས་གལ་ཆེན་འདོན་སྤྲོད་བྱས།

དམག་ཡོངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་བརྡ་ཐོ་བཏང་སྟེ། རིམ་པ་སོ་སོའི་ཏང་ཨུ་དང་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གིས་ཆེད་དུ་དུས་ཚོད་བཀོད་སྒྲིག་བྱས་ནས་དེར་སློབ་སྦྱོང་དང་བརྒྱུད་སྒྲོག་བྱེད་དགོས་ལ། དགོངས་དོན་གྱི་ངོ་བོར་གོ་བ་ཟབ་མོ་ལེན་པ་དང་། གཞི་རྩའི་རེ་བ་ཁོང་དུ་ཆུད་པར་བྱས་ནས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་ཞིབ་མོར་ཞིབ་འཇུག་བྱེད་དགོས་པའི་རེ་བ་བཏོན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག