མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ལིས་ཁི་ཆང་རྣམ་གཉིས་ཀྱིས་ཞིན་ཅང་ཧི་ཐེན་ས་འགུལ་གྱི་རྒུད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་མཆན་བཀོད་མཛུབ་སྟོན་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-13 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས12ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བཅུ་དགུའི་སྟེང་། ཞིན་ཅང་ཧི་ཐེན་ས་ཁུལ་གྱི་ཡུས་ཐེན་རྫོང་ཨ་ཆང་ཞང་ལ་ཚད་རིམ་བདུན་དང་གྲངས་ཆུང་གསུམ་གྱི་ས་འགུལ་བརྒྱུགས། ས་འགུལ་བརྒྱུགས་ས་དེ་ཡུས་ཐེན་རྫོང་མཁར་དང་བར་ཐག་སྤྱི་ལེ་བརྒྱ་དང་བཅུ་ཡོད། ཐོག་མར་རྒྱུས་ལོན་བྱུང་བ་ལྟར་ན། ས་འགུལ་བརྒྱུགས་སའི་ཉེ་འདབས་སུ་མི་གྲངས་ཉུང་ཞིང་། ད་ལྟའི་བར་དུ་མི་སྣར་ཤི་རྨས་ཐེབས་པའི་གནས་ཚུལ་བསྒྲགས་མེད།

ས་འགུལ་བརྒྱུགས་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དེར་ཧ་ཅང་མཐོང་ཆེན་མཛད་པར་མ་ཟད། ས་དེ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ས་འགུལ་གྱི་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་མྱུར་དུ་རྟོག་ཞིབ་བྱེད་པ་དང་། བབ་བསྟུན་རྒུད་སྐྱོབ་བྱ་བ་བཟང་བོར་སྒྲུབ་པ། ས་འགུལ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་བསྣན་ཏེ། སྟོབས་ཤུགས་ཡོད་རྒུས་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་མཛུབ་སྟོན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་འགུལ་གྱི་གནོད་འཚེ་འགོག་པ་དང་རྒུད་སྐྱོབ་བྱ་བར་མཛུབ་སྟོན་གནང་སྟེ། བབ་བསྟུན་རྒུད་སྐྱོབ་བྱ་བ་མྱུར་དུ་སྒྲུབ་པ་དང་། ཡང་བསྐྱར་ས་འགུལ་འབྱུང་བར་སྔོན་འགོག་ནན་མོ་བྱས་ཏེ། གནོད་འགོག་རྒུད་སྐྱོབ་དང་ས་འགུལ་ཐེབས་སའི་མང་ཚོགས་ཀྱི་འཚོ་བར་ཁག་ཐེག་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་སྟེ། སྤྱི་ཚོགས་ཀྱི་བརྟན་འཇགས་ལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོས་ས་འགུལ་བྱུང་མ་ཐག་ཏུ་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་དང་། རྒུད་སྐྱོབ་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་བཀོད་སྒྲིག་བྱས་པར་མ་ཟད། དམངས་སྲིད་རྒུད་སྐྱོབ་བྱ་བའི་རིམ་པ་གསུམ་གྱི་འཕྲལ་སྒྲུབ་འཆར་འགོད་ལག་བསྟར་བྱེད་མགོ་བརྩམས་པ་དང་། འབྲེལ་ཡོད་ལས་ཁུངས་དང་མི་སྣ་ས་འགུལ་བརྒྱུགས་སར་མངགས་ཏེ། གནོད་འཚེ་ཐེབས་པའི་གནས་ཚུལ་ལ་རྟོག་ཞིབ་བྱེད་པ་དང་རྒུད་སྐྱོབ་བྱ་བ་སྤེལ་བར་རྩ་འཛུགས་བྱས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག