མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཞོང་ཡ་ལིའི་ཙུང་ལི་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་བྱས་པར་མ་ཟད་མཉམ་དུ་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-13 10:33

ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་དུ་ཞོང་ཡ་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཨོ་ཨར་པན་ཝི་ཁི་ཐོ་ལ་མཇལ་འཕྲད་གནང་།
ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་དུ་ཞོང་ཡ་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཨོ་ཨར་པན་ཝི་ཁི་ཐོ་ཆེད་དུ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ལིས་ཁི་ཆང་དང་ཨོ་ཨར་པན་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆའི་སྟེང་མིང་བཀོད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་དུ་ཞོང་ཡ་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཨོ་ཨར་པན་ཝི་ཁི་ཐོ་ཆེད་དུ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། དགའ་བསུའི་མཛད་སྒོར་ཞུགས་མཁན་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཞའོ་ཀོང་སོགས་ཡོད་ལ། ཨོ་ཨར་པན་དང་མཉམ་དུ་འཚམས་འདྲིར་ཡོང་མཁན་ལ་ཞོང་ཡ་ལིའི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱལ་ཁབ་དཔལ་འབྱོར་པུའུ་ཀྲང་སོགས་ཡོད། དམག་དཔུང་གི་རོལ་མོའི་རུ་ཁག་གིས་ཞོང་ཡ་ལིས་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་རྗེས་ཨོ་ཨར་པན་གྱིས་ལིས་ཁི་ཆང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་གསུམ་པའི་གཟབ་སྒྲེངས་རུ་ཁག་ལ་གཟིགས་ཞིབ་གནང་། འདི་ནི་ཨོ་ཨར་པན་གྱིས་ཙུང་ལི་ཡི་འགན་ཁུར་རྗེས་ཐོག་དང་པོར་ཀྲུང་གོར་འཚམས་འདྲི་བྱས་པ་རེད།

ཉིན་དེའི་ཕྱི་དྲོར་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་མོལ་མཛད། གྲོས་མོལ་མཛད་སྐབས་ལིས་ཁི་ཆང་གིས་གསུང་རྒྱུར། ཞོང་ཡ་ལི་ནི་ཆེས་ཐོག་མར་ཀྲུང་གོ་གསར་བའི་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ནང་གི་གཅིག་ཡིན་ལ། ཕྱོགས་གཉིས་ཀྱིས་རང་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱེད་པ་དང་ཕན་ཚུན་གྱིས་དོ་སྣང་བྱེད་པའི་རྩ་བའི་ཁེ་ཕན་དང་གནད་དོན་གལ་ཆེན་ཐད་ནས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་བརྩི་བཀུར་དང་རྒྱབ་སྐྱོར་བྱས། སྐུ་ཞབས་ཙུང་ལི་ལགས་ཐེངས་འདིར་འཚམས་འདྲིར་ཡོང་བ་དེ་རྒྱལ་ཁབ་གཉིས་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་ངོ་རེ་ལྔ་ལོན་པ་དང་ཕན་ཚུན་བར་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་འགོར་བའི་ལོ་དང་འཁེལ་ཡོད་པར་མ་ཟད། ཁྱེད་ནི་ཀྲུང་གོའི་ལུགས་རྙིང་ལོ་སར་གྱི་སྐབས་སུ་བསུས་པའི་ཕྱི་རྒྱལ་གྱི་སྲིད་གཞུང་མགོ་གཙོ་དང་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་མི་འགྱངས་བར་མཉམ་འབྲེལ་གསལ་སྒྲོག་སྤེལ་རྒྱུ་ཡིན་པ་དེས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་དངོས་གཉེར་མཉམ་ལས་ལ་སྔར་ལས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་ཞིག་སྣོན་ཐུབ་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཞོང་ཡ་ལི་གཉིས་ཀྱི་འབྲེལ་བའི་རྨང་གཞི་སྲ་ཞིང་བརྟན་ལ། མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེ། ཀྲུང་གོ་ཕྱོགས་ཀྱིས་ཞོང་ཡ་ལི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་སྔར་ལས་ཆུ་ཚད་མཐོན་པོ་ཞིག་ཏུ་འཕེལ་རྒྱས་སུ་གཏང་འདོད་ཡོད། གཅིག་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ལས་གཞི་གལ་ཆེན་ལག་བསྟར་དངོས་འབེབ་བྱེད་དགོས། གཉིས་ནས་དངུལ་ལོར་དང་དངུལ་གཏོང་མཉམ་ལས་རྒྱ་བསྐྱེད་དགོས། གསུམ་ནས་ཚན་རྩལ་དང་ཞིང་ལས་མཉམ་ལས་ལ་ཤུགས་སྣོན་དགོས། བཞི་ནས་མི་གཞུང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཨོ་ཨར་པན་གྱིས་ཐོག་མར་ཀྲུང་གོ་མི་དམངས་ལ་ལོ་སར་གྱི་སྨོན་འདུན་ཞུས་པར་མ་ཟད། ཞོང་ཡ་ལི་དང་ཀྲུང་གོའི་འབྲེལ་བར་རྔམ་མཐུག་པའི་ཆབ་སྲིད་དང་མི་དམངས་རྨང་གཞི་ཡོད་ལ། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་རྨད་དུ་བྱུང་བའི་གྲུབ་འབྲས་བླངས་ཡོད་ཅེས་བསྟན།

གྲོས་མོལ་གྱི་རྗེས་སུ་ལིས་ཁི་ཆང་དང་ཨོ་ཨར་པན་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཚན་རིག་དང་གནས་སྐོར། སྨན་རྫས། དངུལ་ལོར། ཤེས་ལྡན་མི་སྣའི་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆའི་སྟེང་མིང་བཀོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག