མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-13 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ2པའི་ཚེས12ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྨུག་སྤྲིན་ཆེ་བའི་ནམ་ཟླ་སོགས་ཁ་དབུགས་བཙོག་བཟོ་བྱེད་པའི་གནས་ཚུལ་བཅོས་སྐྱོང་བྱ་བར་སྔར་ལས་ཤུགས་སྣོན་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། སྨན་བཅོས་ཡོ་བྱད་ལྟ་སྐུལ་དོ་དམ་སྲོལ་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་བལྟས་ན། ཁ་དབུགས་བཙོག་བཟོའི་གནས་ཚུལ་སྔོན་འགོག་བྱ་བ་བཟང་བོར་སྒྲུབ་རྒྱུ་ནི་དམངས་འཚོ་ལེགས་བཅོས་བྱེད་པའི་བྱ་བ་གཙོ་བོ་ཞིག་ཡིན་ལ། འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་། སྒྲིག་གཞི་ལེགས་སྒྲིག་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། ན་ནིང་གི་ཟླ་དགུ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁ་དབུགས་བཙོག་བཟོ་བཅོས་སྐྱོང་འགུལ་སྐྱོད་འཆར་འགོད་དཔར་ནས་བཀྲམས་པའི་ཚུན་ལ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་མྱུར་དུ་བྱེད་ཐབས་སྤྱད་དེ། དམིགས་འབེན་གཏན་འཁེལ་བྱེད་པ་དང་ལམ་ལུགས་འཛུགས་པ། ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། ཁ་དབུགས་བཙོག་བཟོ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་འཕེལ་རྒྱས་གསར་བ་བྱུང་བར་མ་ཟད། སྤྱི་ཚོགས་ཡོངས་ཀྱི་ཁས་ལེན་ཐོབ་ཡོད་པར་སྙམ།

གྲོས་ཚོགས་སྟེང་ད་ལྟའི་སྲིད་ཇུས་མྱུར་དུ་འཐུས་ཚང་དུ་གཏོང་བའི་རྨང་གཞིའི་སྟེང་གཤམ་གྱི་བྱེད་ཐབས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པ་སྟེ། གཅིག་ནས་ནུས་ཁུངས་སྒྲིག་གཞི་མྱུར་དུ་ལེགས་སྒྲིག་བྱེད་དགོས་པ་དང་། གཉིས་ནས་རིན་གོང་དང་དཔྱ་ཁྲལ། ཁ་གསབ་བཅས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་དགོས། གསུམ་ནས་ཕྱོགས་སོ་སོའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས་ཟེར།   

གྲོས་ཚོགས་སྟེང་སྨན་བཅོས་ཡོ་བྱད་ལྟ་སྐུལ་དོ་དམ་སྲོལ་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། སྨན་བཅོས་ཡོ་བྱད་ཀྱི་བདེ་འཇགས་དང་ནུས་པར་ཁག་ཐེག་བྱེད་པ་དེ་མི་ལུས་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ། ཐོན་ལས་རིམ་སྤར་ལ་སྐུལ་འདེད་གཏོང་བ་སོགས་ཐད་ལ་དོན་སྙིང་གལ་ཆེན་ལྡན་པ་ནན་གྱིས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག