མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁ་དབུགས་བཙོག་བཟོ་བཅོས་སྐྱོང་བྱེད་པའི་སྐོར་གྱི་དོན་ཚན་བཅུའི་བྱེད་ཐབས་ཉེར་གཉིས་ལག་བསྟར་བྱེད་པར་གྲོས་ཞིབ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-12 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའེ་ཆིན་གདན་དྲངས་ཏེ། 2013ལོའི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས། ཀྲའེ་ཆིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་པ་ལྟར་ན། ན་ནིང་ཁ་དབུགས་བཙོག་བཟོ་འགོག་བཅོས་འགུལ་སྐྱོད་འཆར་འགོད་གཏན་ལ་ཕབ་སྟེ། ད་ལྟ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྟོབས་ཤུགས་ཡོད་རྒུས་ལག་བསྟར་བྱེད་བཞིན་པའི་སྒང་ཡིན། ཉེ་ལམ་ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་སྲིད་ཇུས་དང་བྱེད་ཐབས་ཉེར་གཉིས་གཏན་འཁེལ་བྱས་ཡོད། དེའི་ནང་ནུས་ཁུངས་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་སྐོར་གྱི་སྲིད་ཇུས་དྲུག་ཡོད་པ་དང་། ཁོར་ཡུག་དཔལ་འབྱོར་སྐོར་གྱི་སྲིད་ཇུས་བཅུ་ཡོད་ལ། ད་རུང་དོ་དམ་ཕྱོགས་ཀྱི་སྲིད་ཇུས་དྲུག་ཡོད། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་ཇུས་ཉེར་གཉིས་དེ་དག་ལ་གྲོས་ཞིབ་བྱེད་རྒྱུ་རེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག