མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་དང་གྲོས་གཞིར་ཉན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-11 10:26

ཟླ2པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧའེ་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་གི་བསམ་འཆར་དང་གྲོས་གཞིར་ཉན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ཀྲུང་ནན་ཧའེ་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་གི་བསམ་འཆར་དང་གྲོས་གཞིར་ཉན།

ལིས་ཁི་ཆང་གིས་ཐོག་མར་གསུངས་རྒྱུར། ཏང་ཕྱིའི་མི་སྣ་གདན་དྲངས་ཏེ་བཞུགས་མོལ་བྱེད་རྒྱུ་ནི་སྲིད་གཞུང་བྱ་བའི་སྙན་ཞུ་འགོད་པའི་གཏན་འཁེལ་བྱས་ཡོད་པའི་གོ་རིམ་ཡིན་ལ། ང་ཚོ་ཏང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་གཅིག་སེམས་གཅིག་གཏད་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་མཚོན་བྱེད་གཙོ་བོ་ཞིག་ཀྱང་ཡིན་པས། ཚང་མས་སྦ་གསང་མེད་པར་བསམ་འཆར་དང་གྲོས་གཞི་འདོན་པར་རེ་བ་བཏོན།

གཏམ་བཤད་སྐབས། ཚོགས་ཞུགས་མི་སྣས་གཅིག་གྱུར་སྒོས་བལྟས་ན། ན་ནིང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཀྱི་མདུན་དུ། རྒྱལ་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་དང་དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱས་པས། གྲུབ་འབྲས་དེ་ནི་ཐོབ་དཀའ་བ་ཞིག་ཡིན་པར་སྙམ་ཡོད། ཚང་མས་ད་རུང་ད་ལོའི་སྲིད་གཞུང་བྱ་བ་བཟང་བོར་སྒྲུབ་པའི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།

གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་བན་ཨིག་ཞང་གིས་སྲིད་འཛིན་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ན་ཁྲིམས་སྐྱོང་བསམ་ཕྱོགས་དང་བྱེད་ཐབས་ལྡན་དགོས་ལ། ཚོང་ར་གཙོ་བོ་དོ་མཉམ་ཡོང་བའི་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱེད་དགོས་ཞེས་བཤད། དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲང་པའོ་བུན་གྱིས་རྒྱལ་ཁབ་ཀྱི་རྒྱ་མཚོའི་དཔལ་འབྱོར་འཐབ་ཇུས་འཐུས་ཚང་དུ་བཏང་སྟེ། ཆུ་ཚད་མཐོ་ཞིང་རྣམ་པ་གསར་བའི་རྒྱ་མཚོའི་ཐོན་ལས་སྔོན་ལ་འཕེལ་རྒྱས་སུ་གཏོང་དགོས་ཞེས་བཤད། དམངས་གཙོ་སྐུལ་འདེད་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཡན་ཅོན་ཆི་ཡིས་སྒྲིག་གཞི་གསར་བསྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གིས་ཁྲིམས་སྐྱོང་ཁོར་ཡུག་དང་དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་འཛུགས་སྐྲུན་བྱེད་པའི་ཐད་ལ་སེམས་ཤུགས་སྔར་ལས་མང་པོ་འདོན་དགོས་ཞེས་བཤད། ཞིང་བཟོ་ཏང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ལིག་ཞའོ་ཧྥུན་གྱིས་སྨན་རྫས་འཕྲོད་བསྟེན་སྒྲིག་གཞི་བཅོས་བསྒྱུར་བྱ་བ་མྱུར་དུ་སྒྲུབ་དགོས་ལ། ཁྱད་པར་དུ་གཞུང་བཙུགས་སྨན་ཁང་བཅོས་བསྒྱུར་བྱ་བ་བཟང་བོར་སྒྲུབ་དགོས་ཟེར། ཐའེ་བན་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ལིན་བུན་དབྱི་ཡིས་ཆུའི་ཐོན་ཁུངས་ཚོད་འཛིན་དང་ཆུའི་ཁོར་ཡུག་བཅོས་སྐྱོང་བྱེད་པའི་གནད་དོན་ཐག་གཅོད་བྱས་ནས། ཆུའི་ས་ཁོངས་ཀྱི་བཙོག་ཆུ་འདོན་ཚད་ཚོད་འཛིན་ནན་མོ་བྱེད་དགོས་ཞེས་བཤད།

བཞུགས་མོལ་བྱེད་སྐབས། ལིས་ཁི་ཆང་གིས་གནད་དོན་ཁ་ཤས་ཐད་ནས་ཚང་མ་དང་མཉམ་དུ་གྲོས་བསྡུར་དང་བརྗེ་རེས་བྱས། ཚང་མའི་གཏམ་བཤད་ལ་ཉན་རྗེས། ཁོང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་དུས་ཡུན་རིང་བོར་སྲིད་གཞུང་གི་བྱ་བར་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་ཡིན་ཟེར། ཁོང་གིས་གསུངས་རྒྱུར། ཚང་མས་བསམ་འཆར་དང་གྲོས་གཞི་བཏོན་པ་ལས་ཐུན་མོང་གི་བློ་གྲོས་མཚོན་ཡོད་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེར་ནན་ཏན་སྒོས་ཞིབ་འཇུག་དང་བསྡུ་ལེན་བྱེད་རྒྱུ་ཡིན་ལ། ཚང་མས་མུ་མཐུད་དུ་སྲིད་ཞུགས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཕྱིན་ཆད་ཀྱི་བྱ་བའི་ཐད་ལ་ལྟ་བ་ཡང་དག་འདོན་དགོས་པའི་རེ་བ་བཏོན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་དང་ལིག་ཡན་ཏུང་། ཝང་ཡང་། མཱ་ཁེ། རྒྱལ་སྲིད་ཨུ་ཡོན་དབྱང་ཅིན་དང་ཁྲང་བན་ཆོན། ཀའོ་ཧྲིན་ཁུང་། ཝང་ཡུན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིན་ཅི་ཧྭ་དང་ཀྲིག་ཞའོ་ཁྲོན། ཝང་ཀྲིན་བེ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག