མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ་གཉིས་ཀྱིས་བརྡ་ཐོ་བཏང་སྟེ་འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལོ་ལྔ་བརྒྱའི་ཏང་ཡོན་ལས་བྱེད་པའི་ཀློག་དེབ་ལ་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱེད་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-11 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ་གཉིས་ཀྱིས་ཉེ་ལམ་བརྡ་ཐོ་བཏང་སྟེ། འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལོ་ལྔ་བརྒྱའི་ཏང་ཡོན་ལས་བྱེད་པའི་ཀློག་དེབ་ལ་སློབ་སྦྱོང་ནན་མོ་བྱེད་པར་རྩ་འཛུགས་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལོ་ལྔ་བརྒྱའི་ཏང་ཡོན་ལས་བྱེད་པའི་ཀློག་དེབ་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་ཟུང་འབྲེལ་བྱེད་དགོས། རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་། ལས་བྱེད་པའི་སློབ་གླིང་བཅས་སྣ་ཚོགས་ཀྱིས་འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལོ་ལྔ་བརྒྱའི་ཏང་ཡོན་ལས་བྱེད་པའི་ཀློག་དེབ་ལ་སློབ་སྦྱོང་བྱེད་རྒྱུ་དེ་གསོ་སྦྱོང་དང་སློབ་ཁྲིད་བྱེད་པའི་ནང་དོན་དུ་བརྩི་དགོས་ལ། མཐོ་རིམ་སློབ་གྲྭ་སོ་སོས་འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལོ་ལྔ་བརྒྱའི་ཏང་ཡོན་ལས་བྱེད་པའི་ཀློག་དེབ་དེ་དགེ་སློབ་རྣམས་ཀྱི་རིགས་གཞུང་སློབ་སྦྱོང་གི་ཟུར་ཁྲིད་སློབ་གཞིར་བརྩི་དགོས། རིམ་པ་སོ་སོའི་ཏང་ཨུའི་འཆད་ཁྲིད་པའི་ཚོགས་པས་འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལོ་ལྔ་བརྒྱའི་ཏང་ཡོན་ལས་བྱེད་པའི་ཀློག་དེབ་ཀྱི་ནང་དོན་ལ་དམིགས་ནས། ཏང་ཡོན་ལས་བྱེད་པ་དང་གཞི་རིམ་མང་ཚོགས་རྩ་འཛུགས་བྱས་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ་དགོས་པའི་རེ་བ་བཏོན།

འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལོ་ལྔ་བརྒྱའི་ཏང་ཡོན་ལས་བྱེད་པའི་ཀློག་དེབ་དེ་ཉེ་ལམ་སློབ་སྦྱོང་དཔེ་སྐྲུན་ཁང་དང་ཏང་འཛུགས་ཀློག་དེབ་དཔེ་སྐྲུན་ཁང་གཉིས་ཀྱིས་པར་དུ་བསྐྲུན་ཏེ། རྒྱལ་ཡོངས་ཞིན་ཧྭ་དཔེ་ཁང་ནས་བཀྲམས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག