མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ནོར་སྲིད་ནས་ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་ལ་མུ་མཐུད་ཁ་གསབ་སྤྲོད་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-11 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་བརྡ་ཐོ་བཏང་ནས་སྤྱི་ལོ2024ལོའི་ཟླ1པོ་ནས་བཟུང་གློག་སྒུལ་འཁོར་རིགས་དང་གློག་བསྒར་དགོས་པའི་མཉམ་བསྲེས་སྒུལ་ཤུགས་རླངས་འཁོར། གློག་སྒུལ་ཆེད་སྤྱོད་རླངས་འཁོར། འབར་རྒྱུའི་གློག་རྫས་རླངས་འཁོར་རིགས་བཅས་ཀྱི་ཁ་གསབ་ཚད་གཞི་དེ་སྤྱི་ལོ2014ལོར་སྤྱི་ལོ2013ལོའི་ཚད་གཞིའི་རྨང་གཞིའི་ཐོག5%གཅོག་རྒྱུ་དང་སྤྱི་ལོ2015ལོར་སྤྱི་ལོ2013ལོའི་ཚད་གཞིའི་རྨང་གཞིའི་ཐོག10%གཅོག་རྒྱུ་ཡིན་པ་རེད།

བརྡ་ཐོའི་ནང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁ་གསབ་ཁྱབ་གདལ་ཚད་གཞི་དེ་སྤྱི་ལོ2015ལོའི་ཟླ12པའི་ཚེས31ཉིན་བར་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁ་གསལ་བཟོས་ཡོད་པ་དང་དུས་མཚུངས་སུ་ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་ཐོན་ལས་གོང་འཕེལ་མགྱོགས་སུ་གཏོང་བ་དང་ནུས་རྒྱུ་གྲོན་ཆུང་དང་སྦགས་བཙོག་འབུད་བཤངས་ཉུང་གཏོང་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་ཆེད་རིགས་གཅིག་མཁས་པས་ཞིབ་དཔྱད་བྱས་པ་བརྒྱུད་ཧྲེན་ཡང་དང་ཁྲང་ཁྲུན། ཧའར་པིན་སོགས་གྲོང་ཁྱེར་དང་ས་ཁོངས12ཁག་གཉིས་པའི་ནུས་པའི་འབྱུང་ཁུངས་གསར་པའི་རླངས་འཁོར་ཁྱབ་གདལ་བེད་སྤྱོད་གཏོང་ཁུལ་གྱི་མིང་ཐོའི་ནང་བཅུག་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག