མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྩ་འཛུགས་པུས་འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལོ་ངོ500ཞེས་པའི་ཀློག་དེབ་སློང་སྦྱོང་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-11 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུས་བརྡ་ཐོ་བཏང་ནས། ཏང་ཡོན་ལས་བྱེད་པའི་ཀློག་དེབ་འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལོ་ངོ་ལྔ་བརྒྱ་ཞེས་པ་སློབ་སྦྱོང་བྱེད་པའི་སྒྲིག་འཛུགས་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱི་ལོ་ངོ་ལྔ་བརྒྱ་ཞེས་པའི་ཀློག་དེབ་དེ་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའི་རིག་གཞུང་ཅུས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་རིག་གཞུང་ཞིབ་འཇུག་དང་འཛུགས་སྐྱོང་ལས་གཞིའི་རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ནས་བྲིས་པ་ཞིག་ཡིན་པ་དང་། ཀློག་དེབ་དེ་ཉེ་ཆར་སློབ་སྦྱོང་དཔེ་སྐྲུན་ཁང་དང་། ཏང་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཚོང་ཁང་ནས་འགྲེམ་ཚོང་བྱེད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག