མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མྱུར་བགྲོད་ལྕགས་ལམ་མང་ཆེ་བའི་མྱུར་ཚད་ཚོད་འཛིན་ཁུལ་དེ་རྒྱུན་ལྡན་གྱི་མྱུར་ཚད་སླར་གསོ་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-11 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ལྕགས་ལམ་ཚན་པ་ནས་ཤེས་རྟོགས་བྱས་པར། སྤྱི་ཟླ2པའི་ཚེས10ཉིན། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མིའི་ཐེངས་གྲངས་ས་ཡ6.9སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་རེད།

གངས་ཆར་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པས་མིག་སྔར་ཀྲེན་ཀྲུའུ་ནས་ཤི་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་ཀྱི་དུམ་མཚམས་ཁག་ཅིག་སྔར་བཞིན་མྱུར་ཚད་འགོར་རུ་བཏང་ནས་སྐྱེལ་འདྲེན་བྱེད་པ་ཕུད་མྱུར་བགྲོད་ལྕགས་ལམ་གཞན་རྣམས་རྒྱུན་ལྡན་གྱི་མྱུར་ཚད་སླར་གསོ་བྱས་ཡོད་པ་རེད།

མིག་སྔར་འབབ་ཚུགས་ཆེ་གྲས་ཁག་ལ་ལུས་བསྡད་པའི་འགྲུལ་པ་མེད་པ་དང་། རྒྱལ་ཡོངས་ལྕགས་ལམ་གྱི་སྐྱེལ་འདྲེན་བདེ་འཇགས་དང་བརྟན་པོ། གོ་རིམ་ཡོད་པ་བཅས་ཀྱི་སྒོ་ནས་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག