མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནང་སོག་གིས་རླུང་ཁམས་ཆེན་མོའི་ཁོར་ཡུག་སྤུས་ཚད་ཚད་གཞི་མ་ལོན་པའི་གྲོང་ཁྱེར་གྱི་འགན་འཁུར་བའི་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-11 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད། ད་ལོ་ནས་བཟུང་། རླུང་ཁམས་ཆེན་མོའི་ཁོར་ཡུག་སྤུས་ཚད་ཚད་གཞི་མ་ལོན་པ་མ་ཟད། ཁོར་ཡུག་སྤུས་ཚད་ལོ་གཉིས་བསྟུད་མར་ཞན་དུ་ཕྱིན་པའི་གྲོང་ཁྱེར་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་ས་གནས་དེ་གའི་སྲིད་གཞུང་གི་འགན་འཁུར་བ་གཙོ་བོའི་འགན་འཁྲི་རྩད་གཅོད་བྱ་རྒྱུ་མ་ཟད་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་མོང་དང་གྲོང་ཁྱེར་ཁག་གིས་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་དམིགས་ཚད་ཀྱི་འགན་འཁྲིའི་ཡིག་གེར་མིང་རྟགས་བཀོད་དེ། དམིགས་ཚད་ལས་འགལ་དེ་རིམ་ཁག་མི་དམངས་སྲིད་གཞུང་ལ་དོན་འཁྱོལ་བྱེད་རྒྱུར་ལས་བགོས་བརྒྱབ་པ་དང་། ཐལ་རྡུལ་ཚོད་འཛིན་བྱེད་པའི་དམིགས་ཚད་དེ་རང་སྐྱོང་ལྗོངས་དེའི་ཏང་ཨུད་དང་སྲིད་གཞུང་གིས་མོང་དང་གྲོང་ཁྱེར་གྱི་ཏང་སྲིད་འགོ་ཁྲིད་ཚན་པར་ལོ་འཁོར་དཔྱད་དཔག་བྱེད་པའི་དམིགས་ཚད་ནང་བཅུག་སྟེ། འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པར་གདེང་འཇོག་བྱེད་པའི་གལ་ཆེའི་གཞི་འཛིན་ས་བྱས་པ་དང་། ལོ་འཁོར་མོའི་དམིགས་འབེན་ལས་འགན་མི་འགྲུབ་ཚེ། ས་ཁོངས་དེ་གའི་རླུང་ཁམས་ཆེན་མོའི་ཁོར་ཡུག་འཛུགས་སྐྱོང་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ལ་ཆོག་མཆན་སྤྲོད་རྒྱུ་ཚོད་འཛིན་བྱེད་རྒྱུ་དང་། ཕུལ་བྱུང་དང་སྔོན་ཐོན་དཔྱད་འདེམས་ནང་ཞུགས་པའི་ཐོབ་ཐང་དང་། དེ་བཞིན་འབྲེལ་ཡོད་གཟི་བརྗིད་མཚན་སྙན་མེད་པ་བཟོ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག