མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གིས་མཐའ་མཚམས་ཡུལ་སྐོར་ལ་བརྟེན་ཏེ་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ཁྲོམ་ར་རྒྱ་བསྐྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-11 10:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྱིམ་མཚེས་རྒྱལ་ཁབ8དང་། ཕྱི་ཕྱོགས་སྒོ་མོ་ཕྱེ་བའི་འགག་སྒོ30ལྷག་ཡོད་པའི་ཤིན་ཅང་གི་མཐའ་མཚམས་ཡུལ་སྐོར་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཤིན་ཅང་ཡུལ་སྐོར་སྡེ་ཁག་གིས་མཐའ་མཚམས་ཡུལ་སྐོར་གྱི་གོ་སྐབས་བཟང་པོ་སྤྱད་དེ་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ཡུལ་སྐོར་མཉམ་ལས་འཆར་འགོད་བྱེད་བཞིན་ཡོད།

འདས་མ་ཐག་པའི་ལོ་གཅིག་ནང་། ཀྲུང་གོ་དང་ཧ་སག་ཁེ་སི་ཐན་བར་གྱི་ཧོར་གོ་སི་རྒྱལ་སྤྱིའི་མཐའ་མཚམས་མཉམ་ལས་ལྟེ་གནས་ཀྱིས་མཐའ་མཚམས་མང་ཚོགས་བར་གྱི་ཁྲོམ་རས་སྔོན་འགྲོ་བྱས་པའི་ཚོགས་པ་ཕར་འགྲོ་ཚུར་འོང་བྱེད་པའི་ཡུལ་སྐོར་ཚོགས་པའི་མཉམ་ལས་དངོས་སུ་འགོ་ཚུགས་པ་དང་། ཡུལ་སྐོར་བ་ཁྲི་སྟོང་མང་པོར་སྲིད་ཇུས་དེའི་ཕན་པ་ཐོབ་ཡོད། ཤིན་ཅང་གི་ཐ་ཁྲེང་གྲོང་ཁྱེར་ནས་ཧ་སག་ཁེ་སི་ཐན་གྱི་ཤར་ཧ་སག་མངའ་སྡེའི་ཨུར་ཅ་རྫོང་གི་མཐའ་མཚམས་ཡུལ་སྐོར་ལམ་ཐིག་ལ་ཡང་ཆོག་མཆན་ཐོབ་སྟེ་བེད་སྤྱོད་གཏོང་འགོ་ཚུགས་ཡོད། མཐའ་མཚམས་ཡུལ་སྐོར་ཚོགས་པ་ཁག་དང་པོའི་འགྲོ་འོང་འགོ་ཚུགས་པ་དང་བསྟུན་ཏེ། ཐ་ཁྲེང་གྲོང་ཁྱེར་དེ་ཤིན་ཅང་གི་སྐམ་སའི་ཐོག་གི་འགག་སྒོའི་ནང་སྤྱི་དམངས་ནས་མཐའ་མཚམས་བར་ཡུལ་སྐོར་ལ་བསྐྱོད་པའི་གྲོང་ཁྱེར་ཨང་དང་པོ་དེར་གྱུར་ཡོད་པ་རེད།

ཤིན་ཅང་ཡུལ་སྐོར་ཅུད་ཀྱི་ཅུད་ཀྲང་དབྱི་ན་མུ་ནེ་སིར་ཏིང་གིས། སྤྱི་ལོ2013ལོར། ཤིན་ཅང་གི་མཐའ་མཚམས་ཡུལ་སྐོར་ལ་གལ་ཆེའི་འགག་གཏོར་བྱུང་བ་དང་། ད་ལོ་ཤིན་ཅང་གིས་མཐའ་མཚམས་ཡུལ་སྐོར་དེ་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་གཅིག་གྱུར་འཆར་འགོད་བསམ་གཞིགས་བྱེད་ཡུལ་ནང་བཅུག་སྟེ། འབད་བརྩོན་ཆེན་པོས་ཧ་སག་ཁེ་སི་ཐན་དེ་ཀྲུང་གོའི་ཡུལ་སྐོར་དུ་བསྐྱོད་ཡུལ་རྒྱལ་ཁབ་ལ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས་འདུག

ཤིན་ཅང་ལ་གྲངས་ཉུང་མི་རིགས་མང་ཞིང་། དེའི་ནང་མུ་སི་ལིན་བ་བྱེ་བ1ལྷག་ཡོད་པས་དབྱི་སི་ལན་གྱི་ཟས་རིགས་ཕུན་སུམ་ཚོགས་པོ་ཡོད། ཤིན་ཅང་གིས་མུ་སི་ལིན་རྒྱལ་སྤྱིའི་ཡུལ་སྐོར་ཁྲོམ་ར་ཟམ་མི་ཆད་པར་རྒྱ་བསྐྱེད་བཏང་སྟེ། མུ་སི་ལིན་ཡུལ་སྐོར་དེ་ཤིན་ཅང་གི་ས་ཁོངས་ནང་བསྐྱོད་པའི་ཡུལ་སྐོར་གྱི་འཕར་གནས་གསར་པ་ཞིག་ཏུ་འགྱུར་ཐབས་བྱེད་ཀྱི་ཡོད།

སྤྱི་ལོ2013ལོར། ཤིན་ཅང་ཡུལ་སྐོར་ཅུད་ཀྱིས་ཆེད་ལས་ཡུལ་སྐོར་སྣེ་ཤན་ཁང་མང་པོ་དང་རང་མོས་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ཏེ། སྔ་རྗེས་སུ་ཨེ་ཤ་ཡ་ཤར་མ་དང་། ཨེ་ཤ་ཡ་ཤར་ལྷོ་སོགས་ཀྱི་མུ་སི་ལིན་ཁྲོམ་རར་བསྐྱོད་དེ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་ཆེད་དམིགས་འོས་སྦྱོར་ཚོགས་འདུ་བྱེད་སྒོ་ཐེངས་མང་སྤེལ་བར་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ས་ཁོངས་དེ་དག་གི་ཡུལ་སྐོར་ལས་རིགས་ཀྱིས་ཤིན་ཅང་གི་ཡུལ་སྐོར་ཁྲོམ་ར་གསར་སྤེལ་གཏིང་ཟབ་བྱེད་རྒྱུར་སྐུལ་སློང་ཐེབས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག