མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་བཞིའི་ནང་སློབ་གྲྭ་དང་ཉལ་ཁང་བསྒྱུར་བཀོད་བྱེད་རྒྱུའི་ཐད་མ་དངུལ་སྒོར་དུང་ཕྱུར400ལ་ཉེ་བ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-11 10:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་དགུའི་འོས་འགན་སློབ་གསོ་དོ་སྙོམས་ངང་གོང་འཕེལ་གཏོང་རྒྱུ་དང་། ཏན་ཏིག་ངང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཆ་རྐྱེན་གྱི་ཧེ་བག་ཆུང་དུ་གཏོང་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་བཅས་ཀྱི་ཆེད། སློབ་གསོ་པུའུ་དང་། ནོར་སྲིད་པུས་སྤྱི་ལོ2010ལོ་ནས་འགོ་ཚུགས་ཏེ་དབུས་ནུབ་རྒྱུད་ས་ཁུལ་དང་། ཤར་རྒྱུད་ཀྱི་ལེའོ་ཉིང་། ཧྲན་ཏུང་། ཧྥུའུ་ཅན་སོགས་ཞིང་ཆེན་གསུམ་དུ་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་རྨང་གཞི་ཞན་པའི་སློབ་གྲྭའི་བསྒྱུར་བཀོད་འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་ཡོད། སྤྱི་ལོ2013ལོའི་ལོ་མཇུག་བར་སླེབས་དུས། ཀྲུང་དབྱང་ནོར་སྲིད་ཀྱིས་སློབ་གྲྭ་དང་ཉལ་ཁང་གི་བསྒྱུར་བཀོད་མ་དངུལ་སྒོར་དུང་ཕྱུར399བཏང་ཟིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག