མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་གྲོང་ཁྱེར་དང་གྲོང་བརྡལ་གྱི་གྲོང་མིའི་ནད་གཞི་ལྗིད་མོའི་སྨན་བཅོས་འགན་བཅོལ་ཚོད་ལྟའི་ཁུལ་འཛུགས་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-10 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོ་རང་རྒྱལ་གྱིས་ཁྱོན་ཡོངས་ནས་གྲོང་ཁྱེར་དང་གྲོང་བརྡལ་གྱི་གྲོང་མིའི་ནད་གཞི་ལྗིད་མོའི་སྨན་བཅོས་འགན་བཅོལ་ཚོད་ལྟའི་ཁུལ་འཛུགས་རྒྱུ་ཡིན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་བསྒྱུར་བཅོས་གཞུང་ལས་ཁང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་གཞི་ལྗིད་མོའི་སྨན་བཅོས་འགན་བཅོལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་ཡོངས་བསྒྲགས་བྱས་པ་དང་། ད་ལོའི་སྤྱི་ཟླ6པའི་ཟླ་མཇུག་གོང་། ཞིང་ཆེན་ཁག་གིས་ཁྱོན་ཡོངས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་གཞི་ལྗིད་མོའི་འགན་བཅོལ་ཚོད་ལྟའི་ལས་དོན་འགོ་འཛུགས་རྒྱུའམ་རྒྱ་སྐྱེད་དུ་གཏོང་རྒྱུ་དང་། མང་ཚོགས་ཀྱི་ནད་གཞི་ལྗིད་མོའི་སྨན་བཅོས་འགྲོ་གྲོན་འགན་འཁྲི་ཡང་དུ་བཏང་ནས། ནད་གཞིའི་དབང་གིས་དབུལ་ཕོངས་སུ་འགྱུར་བ་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

དུས་མཚུངས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་བསྒྱུར་བཅོས་གཞུང་ལས་ཁང་གིས་ཚོང་ལས་འགན་བཅོལ་ལས་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་དྲ་ཚིགས་བཟང་ཆ་བེད་གང་ལེགས་སྤྱད་དེ་འགན་བཅོལ་ནང་ཞུགས་མཁན་ལ་སྟབས་གཅིག་ལ་འཕྲལ་དུ་རྩིས་རྒྱག་དང་ས་གནས་གཞན་དུ་རྩིས་རྒྱག་བྱེད་རྒྱུ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག