མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནང་སོག་གིས་ཞིང་འབྲོག་ཁུལ་དུ་སྒྲིག་སྲོལ་ལས་འགལ་བའི་གཞི་རིམ་ལས་བྱེད་པ700ཙམ་ཞིབ་བཤེར་ཐག་གཅོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-10 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ན་ནིང་ནང་སོག་རང་སྐྱོང་ལྗོངས་སུ་ཏང་ཡོན་ལས་བྱེད་པ2022ལ་ཏང་སྲོལ་སྲིད་སྲོལ་གྱི་ཆད་པ་ཕོག་པ་དེ་དུས་མཚུངས་ལས47.59%འཕར་ཡོད་པ་དང་། རྒྱལ་ཁབ་ལ་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར2.91གསབ་ཐུབ་པ་བྱུང་ཡོད་ཅིང་དེ་ནི་དུས་མཚུངས་ལས257.66%འཕར་ཡོད་པ་རེད།

ངོ་སྤྲོད་བྱུང་བར་གཞིགས་ན། ན་ནིང་རང་སྐྱོང་ལྗོངས་དེའི་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་ཡང་ཧན་ཀྲུང་དང་ཅིན་ཀྲའོ། ལི་མའོ་ལུང་སོགས་ཁྲིམས་ལུགས་དང་སྒྲིག་སྲོལ་ལས་འགལ་བའི་གྱོད་གཞི་ཐག་གཅོད་ནན་པོ་བྱས་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལྗོངས་དེ་ཡོངས་ཀྱི་གྲོང་གསེབ་དང་འབྲོག་ཁུལ་དུ་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལས་འགལ་བའི་གཞི་རིམ་ཏང་ཡོན་ལས་བྱེད་པ679ཞིབ་བཤེར་ཐག་གཅོད་ཐུབ་པ་དང་མི729ཏང་སྲིད་སྒྲིག་ཁྲིམས་ཀྱིས་ཆད་པ་བཅད་པས། དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག