མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀུའེ་ཀྲོའུ་ཡིས་ད་ལོ་ཤང་དང་གྲོང་བརྡལ་གྱི་གཞུང་བཙུགས་བུ་བཅོལ་ཁང་ཡོངས་སུ་ཁེབས་པར་བརྩོན་ལེན་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-10 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གྲོང་གསེབ་མང་ཚོགས་ལ་སློབ་ལོ་མ་ལོན་གོང་གི་སློབ་གསོ་ཁ་ཚ་དགོས་གཏུག་ཡིན་པར་དམིགས་ནས། ཀུའེ་ཀྲོའུ་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་བུ་བཅོལ་ཁང་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ད་ལོ་ཤང་དང་གྲོང་བརྡལ། སྲང་ལམ་དོན་གཅོད་ཁྲུའུ་ཡི་གཞུང་བཙུགས་བུ་བཅོལ་ཁང200གསར་འཛུགས་དང་རྒྱ་སྐྱེད་གཏོང་རྒྱུ་ཡིན་པ་དང་། ཞིང་ཆེན་དེ་ཡོངས་ཀྱི་ཤང་དང་གྲོང་བརྡལ་གྱི་གཞུང་བཙུགས་ལྟེ་བའི་བུ་བཅོལ་ཁང་ཡོངས་སུ་ཁེབས་པ་བྱས་ཏེ། གྲོང་གསེབ་ཀྱི་བྱིས་པ་བུ་བཅོལ་ཁང་དུ་འགྲོ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་། ཀུའེ་ཀྲོའུ་ཞིང་ཆེན་གྱིས་དངོས་ཤུགས་དང་མི་ཤུགས། ནོར་ཤུགས་བཅས་གཅིག་བསྡུས་བྱས་ཏེ། སློབ་ལོ་མ་ལོན་གོང་གི་སློབ་གསོ་དང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ། མཐོ་རིམ་སློབ་གསོ་བཅས་རྣམ་གྲངས་གསུམ་གྱི་འགག་འགྲོལ་རང་བཞིན་གྱི་ལས་གཞི་ལག་བསྟར་བྱས་ཡོད་པ་རེད། འདི་ལོ། ཀུའེ་ཀྲོའུ་ཡིས་མུ་མཐུད་སློབ་ལོ་མ་ལོན་གོང་གི་སློབ་གསོའི་འགག་འགྲོལ་ལས་གཞི་ལག་བསྟར་བྱ་རྒྱུ་དང་། དུས་མཚམས་གཉིས་པའི་སློབ་ལོ་མ་ལོན་གོང་གི་སློབ་གསོའི་ལོ་གསུམ་བྱ་སྤྱོད་འཆར་གཞི་བཟོས་ཏེ། བུ་བཅོལ་ཁང་ལ་སློབ་མ་སུམ་འབུམ་ལྔ་ཁྲི་བསྡུ་ཐུབ་པ་དང་། སློབ་ལོ་མ་ལོན་གོང་གི་བྱིས་པ་བུ་བཅོལ་ཁང་དུ་འཇུག་ཚད72%ཟིན་པར་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག