མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཟླ1པོར་རང་རྒྱལ་གྱི་རང་བྱུང་གནོད་འཚེས་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར6.7བཟོས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-10 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཟླ2པའི་ཚེས9ཉིན་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ཞིབ་དཔྱད་བྱས་པ་བརྒྱུད་སྤྱི་ཟླ་དང་པོའི་ནང་རང་རྒྱལ་གྱི་རང་བྱུང་གནོད་འཚེ་གཙོ་བོ་ནི་ཐན་པ་དང་། དྲོད་ཚད་དམའ་བའི་འཁྱག་ཐེབས། གངས་སྐྱོན། ས་ཡོམ་བཅས་ཡིན་པ་དང་། རྒྱལ་ཡོངས་སུ་མིའི་ཐེངས་གྲངས་ས་ཡ2.129ལ་གནོད་འཚེ་ཕོག་པ་དང་། མི8རྐྱེན་ལམ་དུ་ཤོར་བ། མི་དགུར་རྨས་སྐྱོན་ཕོག་པ། མིའི་ཐེངས་གྲངས3000ཙམ་མྱུར་དུ་གནས་སྤར། ཁང་པ་ཁྲི1ལྷག་ལ་གཏོར་སྐྱོན་ཕོག་པ། ལོ་ཏོག་ལ་གནོད་འཚེ་ཕོག་པའི་རྒྱ་ཁྱོན་སྤྱི་ཆིངས201ཙམ་ཟིན་ཞིང་དེའི་ཁྲོད་སྤྱི་ཆིངས6ཙམ་གཏན་ནས་བསྡུ་རྒྱུ་མེད་པ་དང་། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར6.7བཟོས་ཡོད། སྤྱི་ཟླ1པོའི་ནང་རང་བྱུང་གནོད་འཚེའི་ཁྲོད་ས་ཡོམ་རྒྱག་ཚད་ཉུང་བ་དང་། ལྷོ་ནུབ་རྒྱུད་དུ་དྲོད་ཚད་དམའ་བ་དང་གངས་སྐྱོན་གྱི་ཤུགས་རྐྱེན་ཅུང་ཆེ་བ། བྱང་ཕྱོགས་ཀྱི་དགུན་གྲོ་འདེབས་ཁུལ་དུ་ཐན་པ་བསྟན་འགོ་ཚུགས་པ། རྒྱ་མཚོ་སེར་པོ་དང་། པོ་ཧའེ་རྒྱ་མཚོའི་འཁྱག་པའི་གནས་ཚུལ་སྤྱིའི་ཆ་ནས་ཅུང་སྲབ་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག