མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གཉིས་པ་མགོ་རྩོམ་པའི་མཛད་སྒོར་ཞུགས་རྗེས་ཕྱིར་པེ་ཅིན་དུ་ཕེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-10 10:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་གདན་དྲངས་པ་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གཉིས་པ་མགོ་རྩོམ་པའི་མཛད་སྒོར་ཞུགས་རྗེས་ཚེས8ཉིན་གྱི་དགོང་མོར་ཕྱིར་པེ་ཅིན་དུ་ཕེབས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཝང་ཧུའུ་ཉིན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ལིས་ཀྲན་ཧྲུའུ། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་སོགས་ཀྲུའུ་ཞི་ཞི་ཅིན་ཕེན་དང་མཉམ་དུ་གནམ་གྲུ་གཅིག་ཏུ་བསྡད་དེ་པེ་ཅིན་ལ་ཐོན།

ཉིན་དེའི་སྔ་དྲོར། ཞི་ཅིན་ཕེན་ཨུ་རུ་སིའི་སོ་ཆི་གྲོང་ཁྱེར་ནས་ཕྱིར་རང་རྒྱལ་དུ་ལོག་སྐབས། ཨུ་རུ་སིའི་མཐོ་རིམ་དཔོན་པོ་གནམ་གྲུ་ཐང་དུ་སོང་སྟེ་སྐྱེལ་མ་བྱས།  །   

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག