མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དགུ་བ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-10 10:34

ཟླ2པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དགུ་བ་བསྡུས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་ཚེས9ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དགུ་བ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པར་མ་ཟད། སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་རྩོམ་པའི་དུས་རིམ་གྱི་བྱ་བ་དང་སྐོར་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་དག་ཐེར་དངོས་འབེབ་ཀྱི་རྗེས་མཐུད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོའི་སྒོ་ནས་སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་དགོས་ལ། སློབ་སྦྱོང་དང་སློབ་གསོ་གཉིས་གོ་གནས་དང་པོར་འཇོག་དགོས། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ཏེ། སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་དོན་སྙིང་གལ་ཆེན་དང་གཞི་རྩའི་རེ་བའི་ངོས་འཛིན་སྔར་ལས་མཐོར་འདེགས་སུ་བཏང་སྟེ། སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་དངོས་སུ་སློབ་གསོ་ཐེབས་པ་དང་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད། སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་བསམ་བློའི་ངོས་འཛིན་སྟེང་གནས་པའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ནན་གྱིས་བསྟན་དོན། ལུགས་རྙིང་ལོ་སར་གྱི་རྗེས་སུ། སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྔ་གཞུག་ཏུ་ཕྱོགས་ཡོངས་ནས་སྤེལ་རྒྱུ་ཡིན་པས། ས་ཁུལ་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་མྱུར་དུ་བྱེད་ཐབས་སྤྱད་དེ། བྱ་བ་སྣ་ཚོགས་ལ་གྲ་སྒྲིག་བཟང་བོ་བྱེད་དགོས། ཀྲུང་དབྱང་དང་རིམ་པ་སོ་སོའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་གིས་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། རྩ་འཛུགས་དང་མགོ་ཁྲིད། བྱ་བའི་མཛུབ་སྟོན། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་མ་ཟད། ལག་བསྟར་ཇུས་གཞི་གཏན་འཁེལ་དང་འཐུས་ཚང་དུ་བཏང་སྟེ། ལས་འགན་དང་བྱེད་ཐབས་སྣ་ཚོགས་གཏན་ཁེལ་གསལ་བོ་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག