མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གངས་སྐྱོན་དབང་གིས་ཤིན་ཅང་བྱང་རྒྱུད་ཀྱི་ས་ཆ་མང་པོའི་གྲོང་མིའི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཐེབས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-09 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་བསྟུད་མར་གངས་བབས་པའི་གནམ་གཤིས་བསྟན་པའི་དབང་གིས་ཤིན་ཅང་བྱང་རྒྱུད་ཀྱི་ས་ཆ་མང་པོའི་གྲོང་མིའི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཐེབས་ཡོད་པ་རེད།

གསར་འགོད་པར་དབྱི་ལི་ཧ་སག་རང་སྐྱོང་ཁུལ་ཏང་ཨུད་ནས་ཤེས་རྟོགས་བྱུང་བར། ཉེ་དུས་དབྱི་ལི་གྲོག་རོང་དུ་གངས་ཆེན་བསྟུད་མར་བབས་པའི་དབང་གིས་དབྱི་ཉིང་གྲོང་ཁྱེར་སོགས་རྫོང་དང་གྲོང་ཁྱེར་བདུན་གྱི་ཞིང་འབྲོག་མང་ཚོགས་ལ་གནོད་འཚེ་བཟོས་ཡོད་པ་རེད།

མིག་སྔའི་བར་གངས་སྐྱོན་གྱིས་མི་གྲངས13057ལ་གནོད་འཚེ་ཕོག་པ་དང་། གངས་སྐྱོན་དབང་གིས་མི8ལ་རྨས་སྐྱོན་བཟོས་པ། ཕྱུགས་རིགས་མགོ་གྲངས367ཤི་བ། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་བྱེ་བ2.8285བཟོས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག