མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2014ལོའི་དཔྱིད་གསར་དུས་ཆེན་གྱི་དུས་བཟང་གཟའ་འཁོར་རིང་རྒྱལ་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་རླིང་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-09 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2014ལོའི་དཔྱིད་གསར་དུས་ཆེན་གྱི་དུས་བཟང་གཟའ་འཁོར་རིང་རྒྱལ་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། ཉིན་བདུན་རིང་དམངས་སྤྱོད་མཁའ་འགྲུལ་ཀུང་སིས་གནམ་གྲུ་ཐེངས56329འཕུར་སྐྱོད་བྱས་པ་དེ་དུས་མཚུངས་དང་བསྡུར་ན15.15%འཕར་ཡོད་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མིའི་ཐེངས་གྲངས7694000ཟིན་པ་དེ་དུས་མཚུངས་དང་བསྡུར་ན19.8%འཕར་ཡོད་པ་རེད།

དམངས་སྤྱོད་མཁའ་འགྲུལ་ཅུད་ཀྱི་འགོ་འཛིན་གཞོན་པ་ཤག་ཤིན་ཧྭའོ་ཡིས་དབྱེ་ཞིབ་བྱས་ནས། སྤྱི་ལོ2014ལོའི་དཔྱིད་གསར་དུས་ཆེན་གྱི་དུས་བཟང་གཟའ་འཁོར་རིང་མཁའ་འགྲུལ་སྐྱེལ་འདྲེན་ལས་དོན་ལ་ཁྱད་ཆོས་བཞི་ལྡན་ཡོད་པ་དང་། དེ་ཡང་གཅིག་ནས་ཡུལ་སྐོར་བས་ཕྱི་ཕྱོགས་སུ་སྐྱོད་སྔ་རུ་བཏང་ཡོད་པ་དང་། དཔྱིད་གསར་དུས་ཆེན་གྱི་གནམ་གང་དང་གུང་གསེང་ཉིན་དང་པོར་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་དང་། གཉིས་ནས་དམངས་སྤྱོད་མཁའ་འགྲུལ་ཅུད་ཀྱིས་སྟབས་བསྟུན་སྒོ་ནས་ཁྲོམ་རའི་འགྱུར་བར་ཁ་གཏད་བཅག་ཡོད་པ་དང་སྐྱེལ་འདྲེན་བྱེད་ཤུགས་འདང་ངེས་ཡོད། རྒྱུན་གཏན་གྱི་ལས་ཀ་ཕུད་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་དུས་སྐབས་ནང་གནམ་གྲུ་ཐེངས27000ཙམ་སྣོན་གཏོང་བྱས་པ། གསུམ་ནས་དུས་ཆེན་རྗེས་ཀྱི་སྐྱེལ་འདྲེན་འབོར་ཚད་མང་ཤོས་དུས་མཚམས་སྔ་བསུས་པ་དང་། སྤུན་མཆེད་ཐུག་པར་འགྲོ་མཁན་དང་ཡུལ་སྐོར་ཕྱིར་ལོག་འགྲུལ་པ་མཉམ་དུ་ཁེལ་ནས་ལོ་གསར་གྱི་ཚེས་གཉིས་ཉིན་ནས་ཚེས6ཉིན་བར་ཉིན་ལྟར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ས་ཡ་གཅིག་ཡན་ཟིན་ཡོད་པ། བཞི་ནས་མཚོ་འགག་གཡས་གཡོན་གཉིས་དང་ནང་ས་དང་ཤང་ཀང་བར་ཡུལ་སྐོར་ལ་སྐྱོད་མཁན་འགྲུལ་པ་མུ་མཐུད་མང་དུ་འགྲོ་བཞིན་ཡོད་པ་དང་། ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་གནམ་གྲུ་ཐོག་མའི་ཆ་སྙོམས་འགྲུལ་པའི་འབོར་ཚད80%ཡན་ཟིན་ཡོད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག