མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འཕྲོད་བསྟེན་དང་འཆར་ལྡན་བཅུ་བཙའ་ཁོངས་གཏོགས་ཀྱིས་ཐ་མག་ཚོད་འཛིན་གཏན་འབེབས་དོན་འཁྱོལ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-09 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཚེས7ཉིན་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར་ཐ་མག་ཚོད་འཛིན་གྱི་ཁ་ཆད་ལག་བསྟར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འབྲེལ་ཡོད་བརྡ་ཐོ་དང་དེའི་ཟུར་བཀོད་ནང་། རིམ་པ་ཁག་དང་རིགས་ཁག་གི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ལས་ཁུངས་དང་དེའི་ལས་དོན་མི་སྣས་གལ་ཏེ་ཐ་མག་མེད་པའི་འཕྲོད་བསྟེན་ལས་ཁུངས་འཛུགས་སྐྲུན་གྱི་གཏན་འབེབས་ལས་རྒྱབ་འགལ་བྱས་པ་ཡིན་ན་འཕེན་ཤོག་གཅིག་གིས་བརྡས་ཐག་གཅོད་པ་ལག་བསྟར་བྱས་ནས་ལོ་དེའི་རིགས་ཁག་གི་ཕུལ་བྱུང་དཔྱད་འདེམས་ཀྱི་ཐོབ་ཐང་མེད་པ་བཟོ་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།

སླད་ཕྱིན་ཐ་མག་མེད་པའི་འཕྲོད་བསྟེན་ལས་ཁུངས་འཛུགས་སྐྱོང་དེ་རིམ་པ་ཁག་གི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཁོང་གཏོགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་ཕུལ་བྱུང་དཔྱད་དཔོག་གི་དམིགས་ཚད་ནང་འཇུག་རྒྱུ་དང་། དེ་བཞིན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ལས་ཁུངས་ཀྱི་དཔྱད་ཞིབ་དང་སྤུས་ཚད་ཚོད་འཛིན། ཁྲིམས་འཛིན་ལྟ་སྐུལ་སོགས་ལས་དོན་ནང་འཇུག་རྒྱུ་ཡིན་པ་རེད། བརྡ་ཐོའི་ནང་། མི་སྒེར་དང་ཚན་པས་གཏན་འབེབས་ལ་རྒྱབ་འགལ་བྱས་པ་ཡིན་ན་འཕེན་ཤོག་གཅིག་གིས་བརྡས་ཐག་གཅོད་པ་ལག་བསྟར་བྱ་རྒྱུ་དང་ལོ་དེའི་རིགས་ཁག་གི་ཕུལ་བྱུང་དཔྱད་དཔོག་གི་ཐོབ་ཐང་མེད་པ་བཟོ་རྒྱུ་རེད།

ཁྱོན་ཡོངས་ནས་ཐ་མག་ཚོད་འཛིན་བྱེད་པའི་ཚན་པར་མངོན་འགྱུར་བྱུང་མེད་ན་བཅོས་སྒྲིག་གི་དུས་བཀག་བཟོ་རྒྱུ། གཏན་འབེབས་ལས་རྒྱབ་འགལ་བྱས་ནས་སྤྱི་པའི་འདུ་འཛོམས་ཁང་དུ་ཐ་མག་འཐེན་མཁན་གྱི་ལས་དོན་མི་སྣར། སྐྱོན་བརྗོད་དང་སློབ་གསོ་རྒྱག་དགོས་པ་དང་། ཤུགས་རྐྱེན་ཧ་ཅང་ངན་པོ་བཟོས་ན་སྒྲིག་ཁྲིམས་ལ་གཞིགས་ནས་ཐག་གཅོད་ནན་པོ་བྱ་དགོས་ཞེས་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག