མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དཔྱིད་གསར་དུས་ཆེན་རིང་ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་གནས་ཚུལ་སྤྱིའི་ཆ་ནས་བརྟན་པོ་ཡིན།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-09 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ལོ2014ལོའི་དཔྱིད་གསར་དུས་ཆེན་རིང་། རྒྱལ་ཡོངས་ཀྱི་ཟས་རིགས་སྨན་རྫས་བདེ་འཇགས་གནས་ཚུལ་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་རྒྱལ་ཡོངས་སུ་ཟས་རིགས་སྨན་རྫས་བདེ་འཇགས་ཀྱི་གྱོད་དོན་ཆེན་པོ་ལྷག་མེད་པ་རེད།

དུས་ཆེན་གོང་དང་དུས་ཆེན་རིང་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དམིགས་ས་ཡོད་པའི་སྒོ་ནས་ཟས་རིགས་སྨན་རྫས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད། དུས་ཆེན་རིང་བདེ་འཇགས་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་སྤེལ་ཡོད། རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱི་བཀོད་སྒྲིག་ལ་གཞིགས་ན། ས་གནས་ཁག་གིས་དཔྱིད་གསར་དུས་ཆེན་གྱི་འཛད་སྤྱོད་པའི་ཁྱད་ཆོས་ལ་དམིགས་པ་དང་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྣ་རིགས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོ། ཐོན་སྐྱེད་གཉེར་བྱེད་མཁན་གཙོ་བོ་བཅས་ལ་ནུས་ཤུགས་གཅིག་སྒྲིལ་གྱིས་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད།

ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱིས་ད་དུང་ས་གནས་ཁག་གི་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་སྒྲིག་འཛུགས་བྱས་ནས་ཁེ་གཉེར་འཁོར་རྒྱུག་ལྷུ་ཚིགས་ཀྱི་ཟས་རིགས་ལ་ཆེད་དོན་འཐེན་བཤེར་ལྟ་དཔྱད་བྱས་ཡོད། མིག་སྔར་གནས་ཚུལ་ཆེན་པོ་གང་ཡང་ཐོན་མེད་པ་དང་ཟས་རིགས་ཀྱི་སྤུས་ཚད་སྤྱིའི་ཆ་ནས་ལེགས་པོ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག