མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་འཕྲིན་ཡིག་བསྐུར་ཏེ་ཀྲུང་གོའི་ལྷོ་སྣེ་ཐའེ་ཧྲན་ས་ཚུགས་བཙུགས་པར་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-09 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ལྷོ་སྣེ་ཐའེ་ཧྲན་ས་ཚིགས་བཙུགས་པ་དང་དངོས་སུ་བཀོལ་སྤྱོད་བྱེད་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ2པའི་ཚེས8ཉིན་ཐའེ་ཧྲན་ས་ཚིགས་ལ་འཕྲིན་ཡིག་བསྐུར་ཏེ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། དཀའ་ཚེགས་ལ་མི་འཛེམས་པ་དང་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་དོན་དུ་འབད་པ་བྱེད་བཞིན་པའི་གླིང་སྣེའི་ས་ཁུལ་གྱི་རྒྱ་ཆེའི་ཚན་རིག་བྱ་བ་སྒྲུབ་མཁན་རྣམས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུས།

གླིང་སྣེའི་ས་ཁུལ་དུ་ཚན་རིག་བརྟག་དཔྱད་བྱེད་པ་ནི་མིའི་རིགས་ཀྱིས་རང་བྱུང་གསང་བར་འཚོལ་ཞིབ་དང་། འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་བར་འཚོལ་ཞིབ་བྱེད་པའི་ཁྱབ་ཁོངས་གཙོ་བོ་ཞིག་ཡིན་ལ། མིའི་རིགས་ལ་བྱས་རྗེས་བསྐྲུན་པའི་ལས་དོན་རླབས་ཆེན་ཞིག་ཀྱང་ཡིན། ཀྲུང་གོའི་ལྷོ་སྣེ་ཐའེ་ཧྲན་ས་ཚིགས་བཙུགས་པ་དེས་རང་རྒྱལ་གྱི་ཚན་རིག་པས་ཡུན་རིང་དང་རྒྱུན་མཐུད་སྒོས་ལྷོ་སྣེར་ཚན་རིག་བརྟག་དཔྱད་དང་ཞིབ་འཇུག་བྱེད་པར་ཆ་རྐྱེན་བཟང་བོ་བསྐྲུན་པར་མ་ཟད། རང་རྒྱལ་གྱི་ལྷོ་སྣེ་བརྟག་དཔྱད་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། རང་རྒྱལ་གྱི་རྒྱ་མཚོའི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་རྒྱ་བསྐྱེད་པར་ཕན་པ་ཡོད།

ཞི་ཅིན་ཕེན་གྱིས་རྒྱ་ཆེའི་གླིང་སྣེའི་ས་ཁུལ་གྱི་བྱ་བ་སྒྲུབ་མཁན་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་འོག རང་རྒྱལ་གྱི་གླིང་སྣེའི་ས་ཁུལ་གྱི་ཚན་རིག་བརྟག་དཔྱད་ལས་དོན་དེས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག