མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཞི་ལའི་ཙུང་ཐུང་ཕ་ཕུའུ་ལིས་ཡ་སི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-08 11:08

ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་སོ་ཆི་ནས་ཞི་ལའི་ཙུང་ཐུང་ཕ་ཕུའུ་ལིས་ཡ་སི་ལ་མཇལ་འཕྲད་གནང་།
ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་སོ་ཆི་ནས་ཞི་ལའི་ཙུང་ཐུང་ཕ་ཕུའུ་ལིས་ཡ་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས7ཉིན་ཨུ་རུ་སིའི་སོ་ཆི་ནས་ཞི་ལའི་ཙུང་ཐུང་ཕ་ཕུའུ་ལིས་ཡ་སི་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་ཕ་ཕུའུ་ལིས་ཡ་སི་ཡིས་དུས་ཡུན་རིང་བོར་ཀྲུང་གོ་དང་ཞི་ལའི་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧུར་ཐག་གིས་སྐུལ་འདེད་བཏང་བར་བསྟོད་བསྔགས་མཛད། ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཞི་ལའི་འབྲེལ་བ་ཧ་ཅང་གཏིང་ཟབ་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཞི་ལའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། ཞི་ལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་སུ་གཏང་འདོད་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ཞི་ལ་ནི་ཀྲུང་གོའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཆེས་ཡིད་ཆེས་བྱས་ཆོག་པའི་གྲོགས་པོ་དང་མཉམ་ལས་ཚོང་གྲོགས་ནང་གི་གཅིག་ཡིན་པར་མ་ཟད། ད་ལོའི་ལོ་སྟོད་ཀྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཞི་ལ་རྒྱལ་ཁབ་ཀྱིས་མུ་མཐུད་དུ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་འདོན་སྤེལ་བཟང་བོ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་སྔར་ལས་ལྷག་པར་བྱས་རྗེས་འཇོག་པར་རེ་བ་བྱེད་བཞིན་ཡོད་ཟེར།

ཕ་ཕུའུ་ལིས་ཡ་སི་ཡིས་ཞི་ལ་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་སྦས་ཤུགས་དང་མདུན་ལྗོངས་རྒྱ་ཆེན་པོ་ལྡན་ལ། ཀྲུང་གོའི་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཞི་ལར་མཚོན་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག