མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཅེ་ཁིའི་ཙུང་ཐུང་ཙེ་མོན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-08 11:08

ཟླ2པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨུ་རུ་སི་རྒྱལ་ཁབ་ཀྱི་སོ་ཆི་གྲོང་ཁྱེར་ནས་ཅེ་ཁིའི་ཙུང་ཐུང་ཙེ་མོན་ལ་མཇལ་འཕྲད་གནང་།
ཟླ2པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨུ་རུ་སི་རྒྱལ་ཁབ་ཀྱི་སོ་ཆི་གྲོང་ཁྱེར་ནས་ཅེ་ཁིའི་ཙུང་ཐུང་ཙེ་མོན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨུ་རུ་སི་རྒྱལ་ཁབ་ཀྱི་སོ་ཆི་གྲོང་ཁྱེར་ནས་ཅེ་ཁིའི་ཙུང་ཐུང་ཙེ་མོན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཅེ་ཁི་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ལྡན་པ་དང་། ཀྲུང་གོ་དང་ཅེ་ཁི་གཉིས་བར་གྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡིན། ད་ལོ་ནི་ཀྲུང་གོ་དང་ཅེ་ཁི་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པའི་ལོ་ཡིན་ལ། ཅེ་ཁི་རྒྱལ་ཁབ་ཀྱི་སྐབས་གསར་བའི་སྲིད་གཞུང་བཙུགས་པའི་ལོ་ཡང་ཡིན་པས། ཕྱོགས་གཉིས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མཛུབ་སྟོན་རྩ་དོན་དང་འཕེལ་རྒྱས་ཁ་ཕྱོགས་ཐད་ནས་ཐུན་མོང་གི་ལྟ་བ་གསར་བ་འཇོག་དགོས་པར་མ་ཟད། བཟོ་སྐྲུན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ནུས་ཁུངས་གསར་བ། ཞིང་ལས། སྨན་བཅོས། དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཅེ་ཁི་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་ཡར་སྐུལ་གཏོང་དགོས་ཟེར།

ཙེ་མོན་གྱིས་བཤད་རྒྱུར། ཅེ་ཁི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་འགྲོ་འོང་དང་། དཔལ་འབྱོར་ཉོ་ཚོང་རྒྱ་བསྐྱེད་པ། དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་མཛའ་འབྲེལ་ཇེ་དམ་དུ་བཏང་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག