མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-08 11:07

ཟླ2པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨུ་རུ་སི་རྒྱལ་ཁབ་ཀྱི་སོ་ཆི་གྲོང་ཁྱེར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་།

 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས7ཉིན་ཨུ་རུ་སི་རྒྱལ་ཁབ་ཀྱི་སོ་ཆི་གྲོང་ཁྱེར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཇལ་འཕྲད་གནང་།  

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། སོ་ཆིའི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་དེ་ཚེས་བདུན་ཉིན་གྱི་དགོང་མོར་དངོས་སུ་མགོ་རྩོམ་རྒྱུ་དང་། ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་ཀྱི་ཞི་བའི་ཕུགས་བསམ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མིའི་རིགས་ཞི་བདེ་ཡོང་བར་སྐུལ་འདེད་གཏོང་བའི་དམིགས་འབེན་དང་མཐུན་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སའི་གོ་ལ་ཡོངས་ཀྱི་འཇིགས་སྣང་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ནུས་པ་དེར་གཞན་གྱིས་ཚབ་བྱེད་ཐབས་མེད་ལ། འཛམ་གླིང་ཡོངས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དང་འཐུས་ཚང་གཏོང་བའི་ཕྱོགས་གཙོ་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་ཧུར་ཐག་སྒོས་དར་སྤེལ་དང་ལག་ལེན་བྱེད་ཀྱིན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག་པར་གཟེངས་བསྟོད་བྱས་པར་མ་ཟད། སྔར་ལྟར་མཉམ་འབྲེལ་རྒྱལ་ཚོགས་དང་དྲུང་ཡིག་ཆེན་མོའི་བྱ་བར་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཕན་ཅི་ཝུན་གྱིས་ཀྲུང་གོས་སའི་གོ་ལ་ཡོངས་ཀྱི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ཐད་ལ་མགོ་ཁྲིད་ཀྱི་ནུས་པ་བཏོན་པར་གཟེངས་བསྟོད་ཆེན་པོ་བྱས།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག