མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ཕུའུ་ཅིན་གཉིས་ཀྱིས་སི་རི་ཡའི་རྫས་འགྱུར་མཚོན་ཆ་སྐྱེལ་འདྲེན་གྱི་མཉམ་འབྲེལ་སྲུང་སྐྱེལ་ལ་ཞུགས་བཞིན་པའི་ཀྲུང་གོ་དང་ཨུ་རུ་སིའི་དམག་གྲུའི་གྲུ་དཔོན་ལ་ཁ་པར་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-08 11:07

ཚེས7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྱིས་སི་རི་ཡའི་རྫས་འགྱུར་མཚོན་ཆ་སྐྱེལ་འདྲེན་གྱི་མཉམ་འབྲེལ་སྲུང་སྐྱེལ་ལ་ཞུགས་བཞིན་པའི་ཀྲུང་གོ་དང་ཨུ་རུ་སིའི་དམག་གྲུའི་གྲུ་དཔོན་ལ་བརྙན་རིས་བརྒྱུད་ནས་ཁ་པར་བཏང་བ་མ་ཟད། གྲུ་གཟིངས་གཉིས་སུ་བསྡད་ཡོད་པའི་དཔོན་དམག་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་དང་རྟེན་འབྲེལ་ཞུས།

 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྱིས་སི་རི་ཡའི་རྫས་འགྱུར་མཚོན་ཆ་སྐྱེལ་འདྲེན་གྱི་མཉམ་འབྲེལ་སྲུང་སྐྱེལ་ལ་ཞུགས་བཞིན་པའི་ཀྲུང་གོ་དང་ཨུ་རུ་སིའི་དམག་གྲུའི་གྲུ་དཔོན་ལ་བརྙན་རིས་བརྒྱུད་ནས་ཁ་པར་བཏང་བ་མ་ཟད། གྲུ་གཟིངས་གཉིས་སུ་བསྡད་ཡོད་པའི་དཔོན་དམག་ཡོངས་ལ་དུས་ཆེན་གྱི་འཚམས་འདྲི་དང་རྟེན་འབྲེལ་ཞུས།

ས་དཀྱིལ་རྒྱ་མཚོ་ནས་གྲུ་གཟིངས་སྲུང་སྐྱོབ་ལས་འགན་ལག་བསྟར་བྱེད་བཞིན་པའི་ཀྲུང་གོའི་དམག་གྲུའི་གྲུ་དཔོན་ལིས་ཕིན་ཁྲིན་དང་ཨུ་རི་སིའི་དམག་གྲུའི་གྲུ་དཔོན་ཕེས་ཧྲི་ཁུའུ་ལོ་ཧྥུའུ་གཉིས་ཀྱིས་སོ་སོར་རྒྱལ་ཁབ་གཉིས་ཀྱི་མགོ་གཙོར་གྲུ་གཟེངས་སྲུང་སྐྱོབ་ཀྱི་གནས་ཚུལ་ཡར་ཞུ་བྱས། ཁོ་ཚོས་ཀྲུང་གོ་དང་ཨུ་རི་སི་ཕྱོགས་གཉིས་ཀྱི་གྲུ་གཟིངས་ཀྱིས་མཉམ་ལས་དམ་པོ་བྱས་ནས། གྲུ་གཟིངས་གཉིས་ཀྱི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། ད་ལྟ་གྲུ་གཟིངས་གཉིས་ཀྱི་གནས་ཚུལ་ཅུང་བཟང་ཞིང་གོ་རིམ་རྗེས་མའི་ལས་འགན་ལག་བསྟར་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད།

ཡར་ཞུར་ཉན་རྗེས། ཞི་ཅིན་ཕེན་དང་ཕུའུ་ཅིན་རྣམ་གཉིས་ཀྱིས་སོ་སོར་གྲུ་གཟིངས་གཉིས་ཀྱི་དཔོན་དམག་ཡོངས་ལ་ཤིས་ཚིག་ཕུལ།

ཞི་ཅིན་ཕེན་གྱིས་བསྟན་དོན། ན་ནིང་ལོ་མཇུག་གི་ཚུན་ལ། ཀྲུང་གོ་དང་ཨུ་རི་སི་རྒྱལ་ཁབ་གཉིས་ཀྱི་གྲུ་གཟིངས་སི་རི་ཡའི་མཚོན་ཆ་སྐྱེལ་འདྲེན་གྱི་མཉམ་འབྲེལ་སྲུང་སྐྱེལ་འགུལ་སྐྱོད་ཁྲོད་དུ་ཞུགས་ཤིང་། དེ་ནི་ཀྲུང་གོ་དང་ཨུ་རི་སི་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱེད་པའི་མཉམ་འབྲེལ་འགུལ་སྐྱོད་ཅིག་རེད། ངས་རྒྱལ་ཁབ་གཉིས་ཀྱི་གྲུ་གཟིངས་གཉིས་ཀྱིས་གཞོགས་འདེགས་དམ་པོ་བྱས་ནས། གྲུ་གཟིངས་སྲུང་སྐྱོབ་ལས་འགན་གཉིས་བདེ་བླག་ངང་ཡོངས་འགྲུབ་བྱས་པར་རྟེན་འབྲེལ་ཞུས་པ་ཡིན་ཟེར། 

ཕུའུ་ཅིན་གྱིས་གྲུ་གཟིངས་གཉིས་ཀྱི་དཔོན་དམག་ཡོངས་ལ་འཚམས་འདྲི་ཞུས། ཁོས་རྒྱལ་ཁབ་གཉིས་ཀྱི་དམག་གྲུའི་དཔོན་དམག་རྣམས་ཀྱིས་བདེ་འཇགས་ལ་འགན་སྲུང་བྱས་ནས་སི་རི་ཡའི་རྫས་འགྱུར་མཚོན་ཆ་མེད་པར་གཏོང་བའི་འགན་འཁྲི་ལྗིད་མོ་ཁུར་ཡོད་པས། ཡང་འབད་བསྐྱར་འབད་ཀྱི་སྒོ་ནས་གྲུ་གཟིངས་སྲུང་སྐྱོབ་བྱ་བའི་ལས་འགན་ཡོངས་འགྲུབ་བཟང་བོ་བྱས་ནས། མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དགོས་པའི་རེ་བ་བཏོན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག