མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་སོ་ཆིའི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-08 11:07

ཨུ་རུ་སིའི་དུས་ཚོད་ཟླ2པའི་ཚེས7ཉིན་གྱི་དགོང་མོའི་དུས་ཚོད8དང་སྐར་མ14དང་པེ་ཅིན་གྱི་དུས་ཚོད་ཚེས7ཉིན་གྱི་ནམ་གུང་གི་དུས་ཚོད12དང་སྐར་མ14སྟེང་། དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གཉིས་པ་དེ་ཨུ་རུ་སིའི་སོ་ཆི་གྲོང་ཁྱེར་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་གདན་དྲངས་པ་ལྟར་མགོ་རྩོམ་པའི་མཛད་སྒོར་ཞུགས་པ།
ཨུ་རུ་སིའི་དུས་ཚོད་ཟླ་གཉིས་པའི་ཚེས་བདུན་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་བཅུ་བཞི་དང་པེ་ཅིན་གྱི་དུས་ཚོད་ཚེས་བདུན་ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཉིས་དང་སྐར་མ་བཅུ་བཞིའི་སྟེང་། དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གཉིས་པ་དེ་ཨུ་རུ་སིའི་སོ་ཆི་གྲོང་ཁྱེར་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་གདན་དྲངས་པ་ལྟར་མགོ་རྩོམ་པའི་མཛད་སྒོར་ཞུགས། པར་འདི་ནི་ཞི་ཅིན་ཕེན་གྱིས་ཚོགས་རར་ཞུགས་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པའི་ལུས་རྩལ་པ་རྣམས་ལ་ཕྱག་བརྡ་སྟོན་བཞིན་པའི་ཚུལ་རེད།

 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་དུས་ཚོད་ཟླ2པའི་ཚེས7ཉིན་གྱི་དགོང་མོའི་དུས་ཚོད8དང་སྐར་མ14དང་པེ་ཅིན་གྱི་དུས་ཚོད་ཚེས7ཉིན་གྱི་ནམ་གུང་གི་དུས་ཚོད12དང་སྐར་མ14སྟེང་། དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གཉིས་པ་དེ་ཨུ་རུ་སིའི་སོ་ཆི་གྲོང་ཁྱེར་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་གདན་དྲངས་པ་ལྟར་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཞི་ཅིན་ཕེན་སོ་ཆིའི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་མགོ་གཙོ་ཐེངས་དང་པོར་ཕྱི་རྒྱལ་ནས་བསྡུས་པའི་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་པར་ཕེབས་པ་ཡིན་ལ། ཞི་ཅིན་ཕེན་གྱིས་བསྟུད་མར་ལོ་གཉིས་ལ་ཨུ་རུ་སིར་འཚམས་འདྲི་མཛད་པའང་ཡིན། དེ་ལས་ཀྲུང་གོས་རྒྱལ་སྤྱིའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པ་མཚོན་ཡོད་ལ། ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཆུ་ཚད་མཐོན་པོ་ཞིག་ཏུ་བསླེབས་པ་དང་དེའི་དམིགས་སའི་རང་བཞིན་ངོམ་ཡོད། ལུས་རྩལ་འགྲན་ཚོགས་མགོ་མ་བརྩམས་པའི་སྔོན་ལ། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་ལོའི་མཇལ་འཕྲད་ཐེངས་དང་པོ་བྱས་ནས། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཇུས་གཞི་བཀོད་པ་དང་བཀོད་སྒྲིག་བྱས་ཏེ། ཐུན་མོང་གི་ལྟ་བ་གལ་ཆེན་བཞག

ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སྟེང་ཀྲུང་གོས་མི་བརྒྱ་དང་སོ་བརྒྱད་ལས་གྲུབ་པའི་འཐུས་ཚབ་ཚོགས་པ་མངགས། ལུས་རྩལ་པ་རེ་ལྔ་འགྲན་སྡུར་རྣམ་གྲངས་ཆེན་པོ་བཞིའི་རྣམ་གྲངས་ཆུང་བ་ཞེ་དགུར་ཞུགས་རྒྱུ་རེད།

ཀྲུང་གོས་པེ་ཅིན་གྲོང་ཁྱེར་དང་ཀྲང་ཅ་ཁི་གྲོང་ཁྱེར་གཉིས་ཀྱིས་མཉམ་འབྲེལ་སྒོས2022ལོའི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་བསྡུ་བར་རེ་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཉིན་དེར་ཞི་ཅིན་ཕེན་གྱིས་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་འཚམས་འདྲི་མཛད་དེ། མེས་རྒྱལ་མི་དམངས་ཀྱིས་ཀྲུང་གོའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་སུ་ཞུགས་པའི་ལུས་རྩལ་པར་སེམས་ཁུར་དང་རོགས་སྐྱོར། འཚམས་འདྲི་བཅས་བྱེད་བཞིན་པ་བརྒྱུད་བསྒྲགས་མཛད་པར་མ་ཟད། ཁོ་ཚོས་ཨོ་ལིན་ཕིས་ཁིའི་སྙིང་སྟོབས་དང་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་བྱས་ནས། མེས་རྒྱལ་ལ་གཟི་བརྗིད་བརྩོན་ལེན་བྱེད་དགོས་པའི་སྐུལ་མ་བཏང་།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག