མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁ་ཨར་ཀྲ་དབྱི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-08 11:07

ཟླ2པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་སོ་ཆི་ནས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁ་ཨར་ཀྲ་དབྱི་ལ་མཇལ་འཕྲད་གནང་།  
ཟླ2པའི་ཚེས་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་སོ་ཆི་ནས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁ་ཨར་ཀྲ་དབྱི་ལ་མཇལ་འཕྲད་གནང་།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས7ཉིན་ཨུ་རུ་སིའི་སོ་ཆི་ནས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁ་ཨར་ཀྲ་དབྱི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥུའུ་ཧན་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཨ་ཧྥུའུ་ཧན་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས། མཛའ་བཤེས་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨ་ཧྥུའུ་ཧན་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཁ་ཨར་ཀྲ་དབྱི་ཡིས་ཨ་ཧྥུའུ་ཧན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ཟླ་འགའི་རྗེས་སུ་ཨ་ཧྥུའུ་ཧན་གྱིས་ཙུང་ཐུང་དང་སྲིད་གཞུང་གསར་བ་འདེམ་བསྐོ་བྱེད་རྒྱུ་ཡིན་པས། ཨ་ཧྥུའུ་ཧན་གྱི་སྲིད་གཞུང་གསར་བས་ཀྲུང་གོ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་མུ་མཐུད་དུ་མཐོང་ཆེན་བྱས་ཏེ་འཕེལ་རྒྱས་སུ་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག