མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དཔྱིད་གསར་དུས་ཆེན་རིང་རྒྱལ་ཡོངས་ཀྱི་བདེ་འཇགས་སྒྲིག་ལམ་ཡག་པོ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-07 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། དཔྱིད་གསར་དུས་ཆེན་རིང་། རྒྱལ་ཡོངས་ཀྱི་བདེ་འཇགས་སྒྲིག་ལམ་ཡག་པོ་ཡོད་ཅིང་། གཞུང་ལམ་འགྲིམ་འགྲུལ་དང་མེ་སྐྱོན། འབར་གས་སོགས་བདེ་འཇགས་ཀྱི་ཆག་སྒོ་ཚབས་ཆེན་བྱུང་མེད་པ་རེད།

ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་རིང་། རྒྱལ་ཡོངས་གཞུང་ལམ་འགྲིམ་འགྲུལ་གྱི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད་ཅིང་། དུས་ཚོད་རིང་པོ་དང་ཁྱབ་ཁོངས་ཆེན་པོའི་འགྲིམ་འགྲུལ་འགག་པ་དང་མི་སྣ་ཤི་རྨས་ཀྱི་གཞུང་ལམ་འགྲིམ་འགྲུལ་ཆག་སྒོ་ཐོན་ཚད་དང་མི་ཤི་ཚད་དུས་མཚུངས་ལས41%དང50%ཆག་ཡོད་པ་དང་། ཐེངས་གཅིག་ལ་མི10ཡན་རྐྱེན་ལམ་དུ་ཤོར་བའི་གཞུང་ལམ་འགྲིམ་འགྲུལ་གྱི་ཆག་སྒོ་ཚབས་ཆེན་གཅིག་ཀྱང་ཐོན་མེད་པ་རེད།

སྤྱི་ཟླ2པའི་ཚེས6ཉིན་གྱི་ཆུ་ཚོད12བར་སླེབས་དུས་རྒྱལ་ཡོངས་ལ་མི་རྐྱེན་ལམ་དུ་ཤོར་བའི་ཤོག་སྦག་འབར་གས་ཀྱི་བདེ་འཇགས་ཆག་སྒོ་གཅིག་ཀྱང་ཐོན་མེད་པ་དང་། ཤོག་སྦག་སྤར་ནས་མི་རྨས་པའི་ཆག་སྒོ་དང་རྨས་པའི་མི་འབོར་ཁག་སོ་སོ་དུས་མཚུངས་ལས17%དང12%ཆག་ཡོད་པ་རེད།

དཔྱིད་གསར་དུས་ཆེན་རིང་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱུ་འཕྲོག་གི་ཉེས་གསོག་དོན་རྐྱེན་ཐོན་མང་ས་དང་ཚབས་ཆེའི་དྲག་ཤུགས་ཀྱི་ཉེས་གསོག་དང་སྒྲིག་འཛུགས་ཡོད་པའི་རྒྱན་འཛུགས། ཚུལ་མིན་འདོད་སྲེད་དང་དུག་རྫས་ལྐོག་ཚོང་། བརྙས་འདོགས་རྒྱུ་འཕྲོག་སོགས་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྒོ་ཐོན་མང་ས། དེ་བཞིན་མང་ཚོགས་ཀྱི་བཟའ་འཐུང་བདེ་འཇགས་ལ་གནོད་འཚེ་བཏང་བའི་ཉེས་གསོག་སོགས་གནད་དོན་གཙོ་བོའི་ཐད་དམིགས་བྱ་ཡོད་པའི་རྡུང་རྡེག་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག