མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཨུ་རུ་སུའི་སོ་ཆི་གྲོང་ཁྱེར་ལ་ཕེབས་ཏེ་དགུན་ཁའི་ཨོ་ལིན་ཕིས་ཁིའི་ལས་འགུལ་ལུས་རྩལ་འགྲན་ཚོགས་སྐབས་ཉེར་གཉིས་པའི་མགོ་རྩོམ་པའི་མཛད་སྒོར་ཞུགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-07 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས6ཉིན་གྱི་དུས་ཚོད13དང་སྐར་མ50ཡས་མས་སུ། ཞི་ཅིན་ཕེན་ཆེད་བཏང་གནམ་གྲུར་བཞུགས་ཏེ་སོ་ཆི་གྲོང་ཁྱེར་གྱི་ཨ་ཏི་ལེ་ཨར་གནམ་གྲུ་ཐང་དུ་བསླེབས། སོ་ཆི་གྲོང་ཁྱེར་གྱི་འགན་ཁུར་བས་ཞི་ཅིན་ཕེན་ལ་དགའ་བསུ་ཞུས།

ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་ཞི་ཅིན་ཕེན་དང་མཉམ་དུ་གནམ་གྲུ་གཅིག་ཏུ་བསྡད་དེ་སོ་ཆི་གྲོང་ཁྱེར་དུ་ཐོན།

ཨུ་རུ་སུར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིས་ཧོས་གནམ་གྲུ་ཐང་དུ་སོང་སྟེ་ཞི་ཅིན་ཕེན་སོགས་ལ་བསུ་བ་ཞུས།

དེ་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་མགོ་གཙོ་ཐེངས་དང་པོར་ཕྱི་རྒྱལ་དུ་ཕེབས་ཏེ་རྒྱལ་སྤྱིའི་ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་རེད། སོ་ཆི་ནས་ཞི་ཅིན་ཕེན་གྱིས་ད་རུང་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་འཚམས་འདྲི་གནང་རྒྱུ་དང་། ཕུའུ་ཅི་དང་རྒྱལ་ཁབ་གཞན་པའི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བར་མཇལ་འཕྲད་གནང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག