མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིང་ལས་ཀྱི་འགན་བཅོལ་བྱེད་ཤུགས་ཆེ་རུ་བཏང་ནས་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-07 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ་2014ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་སླད་ཕྱིན་རང་རྒྱལ་གྱི་ཞིང་ལས་འགན་བཅོལ་གོང་འཕེལ་གཏོང་རྒྱུའི་ཐད་བཀོད་སྒྲིག་ཞིབ་ཚགས་མང་པོ་བྱས་ཡོད་པ་རེད། དཔེར་ན་འབྲུ་རིགས་འདེབས་མཁན་རྫོང་ཆེ་བའི་རྫོང་རིམ་པའི་འགན་བཅོལ་དངུལ་གྱི་ཁ་གསབ་རིམ་བཞིན་ཉུང་དུ་གཏོང་བའམ་མེད་པ་བཟོ་རྒྱུ་དང་ཆུ་འབྲས་དང་གྲོ། མ་རྨོས་ལོ་ཏོག་་བཅས་འབྲུ་རིགས་སྣེ་རིགས་ཆེན་པོ་གསུམ་གྱི་འགན་བཅོལ་ཁྱབ་རྒྱ་དང་ཉེན་ཁའི་འགན་བཅོལ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། འགན་བཅོལ་ལས་ཁུངས་ནས་ཁྱད་ལྡན་བཟང་ཆའི་ཞིང་ལས་ཐོན་རྫས་ཀྱི་འགན་བཅོལ་གཉེར་རྒྱུར་སྐུལ་ལྕག་གཏོང་རྒྱུ་སོགས་རེད། ཆེད་མཁས་པས། ཡིག་ཆའི་ནང་ཚུད་པའི་ནང་དོན་དེ་དག་མིག་སྔའི་རང་རྒྱལ་གྱི་ཞིང་ལས་འགན་བཅོལ་གོང་འཕེལ་གཏོང་བའི་དོན་དངོས་དང་མཐུན་ཡོད་པ་དང་དམིགས་སའི་རང་བཞིན་དང་ལག་བསྟར་བྱེད་པའི་རང་བཞིན་ཤུགས་ཆེ་རུ་ཕྱིན་ཡོད་པས་རང་རྒྱལ་གྱི་ཞིང་ལས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་འགྲོ་བ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་ཆེད་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་གསུངས་འདུག

དཔལ་འབྱོར་རིག་པ་མཁས་པས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་རྒྱུ་ནན་སྟོན་བྱས་པ་དང་ཁ་ཕོར་རང་ཉིད་ཀྱི་ལག་པའི་ནང་བརྟན་པོར་བཟུང་བ་དང་འབྲུ་རིགས་སྣེ་རིགས་ཆེན་པོ་གསུམ་གྱི་འགན་བཅོལ་ཁྱབ་རྒྱ་དང་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞིང་དེ་འབྲུ་རིགས་ཐོན་སྐྱེད་ཀྱི་མ་དངུལ་མཁོ་སྤྲོད་བྱེད་རྒྱུ་འགན་ལེན་བྱེད་པ་དང་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་ཆེད་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་བསྟན་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག