མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ཁང་གིས་སྒྱུར་བཅོས་གཏིང་ཟབ་དུ་གཏོང་བའི་ནང་རུལ་སུངས་ལ་ཆད་པ་གཅོད་པ་དང་སྔོན་འགོག་བྱེད་པའི་བླང་བྱ་མངོན་དགོས་ཞེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-02-07 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ཁང་གིས་ཉིན་ཤས་གོང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་གསལ་འགྲེལ་བྱེད་སྐབས། སྒྱུར་བཅོས་གཏིང་ཟབ་དུ་གཏོང་བའི་ནང་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་བླང་བྱ་མངོན་པ་བྱེད་དགོས་ཞེས་བཤད་ཡོད་པ་རེད།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ཁང་གིས་ངེས་པར་དུ་རུལ་སུངས་ལ་ཆད་པ་གཅོད་པ་དང་སྔོན་འགོག་བྱེད་པའི་བླང་བྱ་དེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་དུ་གཏོང་བའི་བརྒྱུད་རིམ་ནང་དོན་འཁྱོལ་བྱེད་པ་དང་སྒྱུར་བཅོས་ཇུས་གཞི་བཟོ་བ་དང་ལག་བསྟར་བྱེད་པ་དང་དུས་མཚུངས་སུ་ཐོན་བཟོ་ཡོད་པའི་རུལ་སུངས་གནད་དོན་ལ་སྔོན་ནས་བརྡར་ཤ་གཅོད་པ་དང་ཞིབ་འཇུག་ནན་ཏན་བྱེད་པ་དང་དུས་ཐོག་ཏུ་ནུས་ལྡན་གྱི་དོགས་ཟོན་དང་བཅོས་སྒྲིག་བྱ་ཐབས་འདོན་དགོས་པ་སྟེ། དེ་ཡང་དང་པོ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་དུ་གཏོང་བ་དང་ངེས་པར་དུ་གནས་ཚུལ་མ་ཐོན་གོང་ལ་བསམ་བློ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་གནད་དོན་མི་ཐོན་པ་བཀག་འགོག་ཏན་ཏིག་བྱེད་པ་དང་རུལ་སུངས་ཐོན་རྒྱུ་བཀག་འགོག་བྱེད་པའི་འདུ་ཤེས་དང་བསམ་ཚོད་སྤྱི་ཡོངས་བཀོད་སྒྲིག་ནང་མངོན་པ་བྱེད་དགོས། གཉིས་པ་ནི་སྒྱུར་བཅོས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་བསྟུན་ནས་སྒྲིག་གཞི་དང་ལམ་ལུགས་ལེགས་སྒྲིག་གཏིང་ཟབ་བྱེད་པ་དང་ཁེ་ཕན་གནས་བབ་ལ་འགྱུར་བ་གཏིང་ཟབ་གཏོང་དགོས་ཞིང་རུལ་སུངས་སྣང་ཚུལ་ཁག་ཅིག་ཐོན་པ་དང་རྒྱ་ཡན་དུ་འགྲོ་ས་དང་ཆ་རྐྱེན་ཡོད་ཚེ་ང་ཚོས་ངེས་པར་དུ་སེམས་ཐག་གཙང་བཅད་ཀྱིས་ཆད་པ་གཅོད་པ་ལས་ལྷོད་གཡེང་རྩ་བ་ནས་གཏོང་རྒྱུ་མེད། གསུམ་པ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་དུ་གཏོང་བར་ལམ་ལུགས་སྤྱོད་གཙང་རང་བཞིན་གྱི་གནད་དོན་གལ་ཆེན་པོ་ཡིན་པས་རུལ་སུངས་ལ་སྔོན་འགོག་དང་ཆད་པ་གཅོད་པའི་བླང་བྱ་དང་བྱ་ཐབས་ལམ་ལུགས་འཛུགས་སྐྱོང་སྒྱུར་བཅོས་བྱེད་པའི་ནང་མངོན་པ་བྱེད་པ་དང་སྔོན་ལ་འཛུགས་པ་དང་དེ་རྗེས་གཏོར་བ་དང་རྟེན་སའི་ཁྲིམས་ཡོད་པ་དང་གཞི་འཛིན་ས་ཡོད་པ་བྱེད་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྒྱུར་བཅོས་བྱེད་དགོས་པ་དང་ཚད་གཞི་ཆེ་ཤོས་ཐོག་ནས་ལམ་ལུགས་ཀྱི་མི་འདང་ས་ཁ་གསབ་བྱེད་པ་དང་ལམ་ལུགས་སྟོང་པ་ལུས་པ་དེས་རུལ་སུངས་ཐོན་རྒྱུར་གོ་སྐབས་སྤྲོད་ཀྱི་ཡོད་ཅེས་བཤད་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག