མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་གསོ་པུའུ་ཡིས་ད་ལོར་གཞུང་སྒྲུབ་ར་བ་དང་ཕན་ཁེ་རང་བཞིན་གྱི་དམངས་སྒྲུབ་ར་བའི་ཁེབས་ཚད་རྒྱ་བསྐྱེད་རྒྱུ་ཡིན་ཞེས་བསྟན་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-06 10:14

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་སློབ་གསོ་པུའུ་ཡིས་བསྟན་དོན། ཉིས་སྟོང་བཅུ་བཞིའི་ལོར་རང་རྒྱལ་གྱིས་དུས་སྐབས་གཉིས་པའི་སློབ་སྔོན་སློབ་གསོའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ཏེ། སློབ་སྔོན་སློབ་གསོའི་རྒྱལ་ཁབ་ཀྱི་ལས་གཞི་ཆེན་པོ་མུ་མཐུད་དུ་ལག་བསྟར་བྱས་ནས་གཞུང་སྒྲུབ་ར་བ་དང་ཕན་ཁེ་རང་བཞིན་གྱི་དམངས་སྒྲུབ་ར་བའི་ཁེབས་ཚད་རྒྱ་བསྐྱེད་རྒྱུ་ཡིན་ཟེར།

    ཉིས་སྟོང་བཅུ་བཞི་ལོའི་བྱ་བ་གཙོ་བོ་ནི་སློབ་སྔོན་སློབ་གསོའི་མ་རྩའི་འགན་འཁུར་དང་འཁོར་སྐྱོད་འགན་སྲུང་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། བྱིས་པའི་ཁང་གི་བྱ་བའི་སྒྲིག་སྲོལ་དང་བྱིས་པའི་ཁང་གི་སློབ་གསོའི་ཡོ་བྱད་སྒྲིག་ཆས་ཚད་གཞི་གཏན་འཁེལ་བྱས་ཏེ་བྱིས་པའི་ཁང་བསྒྲུབ་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། རིགས་སོ་སོའི་བྱིས་པའི་ཁང་གི་ལྟ་རྟོག་དོ་དམ་ལ་ཤུགས་བསྣན་ནས་བྱིས་པའི་ཁང་དེ་སློབ་ཆུང་ཅན་དུ་འགྱུར་འགྲོ་བ་གཏན་འགོ་དང་ཡོ་བསྲང་བྱེད་རྒྱུ་དེ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག