མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ཁང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁུར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དངོས་འབེབས་བཟང་བོ་བྱེད་དགོས་ཞེས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-06 10:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ཁང་གིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་པུའུ་ཡི་དྲ་ཚིགས་སུ་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཞིང་འཇུག་ཁང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁུར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དངོས་འབེབས་བཟང་བོ་བྱེད་དགོས་ཞེས་བསྟན།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ཁང་གིས་བསྟན་དོན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁུར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དངོས་འབེབས་བཟང་བོ་བྱེད་སྐབས་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལྟ་རྟོག་འགན་འཁུར་དང་ལེན་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཏང་ཨུ་ལ་རོགས་འདེགས་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་གཞོགས་འདེགས་བྱེད་དགོས་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་རུལ་སུངས་ལ་ཆད་པ་གཅོད་པ་དང་སྔོན་འགོག་བྱེད་པའི་བྱ་བའི་ལས་འགན་ལག་བསྟར་བྱེད་པར་ལྟ་རྟོག་དང་ཞིབ་བཤེར་བྱེད་དགོས་ལ། རུལ་སུངས་ལ་ཆད་པ་གཅོད་པའི་ཕྱོགས་ཀྱི་འགན་འཁྲི་དང་ལེན་བྱེད་པ་དང་འབྲེལ་ཡོད་སྟོབས་ཤུགས་ལ་གཞོགས་འདེགས་དམ་པོ་བྱེད་དགོས་པར་མ་ཟད་གྱོད་གཞི་རྩད་གཅོད་པའི་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་ནས་བློ་ཐག་རྦད་ཆོད་སྒོས་རུལ་སུངས་རྣམ་པ་རྒྱ་ཡན་དུ་འགྲོ་བ་གཏན་འགོག་བྱེད་དགོས་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག