མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྡེ་ཁག་ལྔ་ནས་མཉམ་འབྲེལ་ཐོག་དཔྱིད་གསར་དུས་ཆེན་རིང་ཐ་མག་མི་སྐྱེལ་བར་བདེ་ཐང་ངང་ལོ་གསར་གཏོང་དགོས་པའི་འབོད་སྐུལ་བྱས་པ།

རྩོམ་པ་པོ། ཚེ་དགའ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-02 11:53

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གོའི་ནད་གཞི་ཚོད་འཛིན་ལྟེ་གནས་དང་། ཀྲུང་གོའི་ཐ་མག་ཚོད་འཛིན་མཐུན་ཚོགས། ཀྲུང་ཧྭ་སྔོན་འགོག་གསོ་རིག་ཚོགས་པ། ཀྲུང་ཧྭ་གསོ་རིག་ཚོགས་པ། བདེ་ཐང་འཚོལ་ཞིབ་གོང་འཕེལ་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་ཐོག རང་ཉིད་ནས་འགོ་འཛུགས་པ་དང་། ད་ལྟ་ནས་འགོ་བཙུགས་ཏེ། ཐ་མག་མི་སྐྱེལ་བ་དང་། ཐ་མག་མི་སྤྲོད་པར་ཐུན་མོང་ཐོག་བདེ་ཐང་དང་། བདེ་སྐྱིད་ཀྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

    རང་རྒྱལ་དུ་ཐ་མག་སྐྱེལ་བ་དང་། ཐ་མག་སྤྲོད་པའི་གོམས་སྲོལ་སྔར་བཞིན་གནས་ཡོད་ཅིང་། ཁྱིམ་མི་ལྷན་འཛོམས་དང་། གཉེན་ཉེ་ཕན་ཚུན་འཚམས་འདྲི་བྱེད་པའི་སྐབས་སུ་དེ་བས་ཀྱང་ཚབས་ཆེན་པོ་ཡོད་པ་རེད།

    འབོད་སྐུལ་ཡི་གེའི་ནང་། ཁྱེད་ཀྱིས་ཐ་མག་དེ་ལག་རྟགས་ལ་བརྩིས་ནས་སྐྱེལ་སྐབས། ཐ་མག་ནི་གཟུགས་མེད་ཀྱི་བདེ་ཐང་གི་ལག་དམར་བ་ཡིན་པ་ཁྱེད་ཀྱིས་ཤེས་སམ། ཁྱེད་ཀྱི་ལག་རྟགས་དེ་ནི་བདེ་ཐང་གི་གནོད་འཚེ་སྐྱེལ་བ་ཞིག་རེད། ཐ་མག་གི་དུ་བའི་ནང་ཉུང་མཐར་ཡང་སྐྲན་ནད་སློང་བའི་དངོས་རིགས་༦༩ཙམ་ཡོད་པ་དང་། དུག་ལྡན་དང་གནོད་འཚེའི་དངོས་པོ་རིགས་༢༠༠ལྷག་ཙམ་ཡོད་པས། ཐ་མག་འཐེན་ན་སྐྲན་ནད་དང་། སྙིང་ནད། གློ་ནད་སོགས་སློང་བའི་ཉེན་ཁ་ཆེན་པོ་ཡོད་པ་རེད། ཐ་མག་འཐེན་མཁན་མཉམ་དུ་སྡོད་མཁན་ལའང་གློ་བའི་སྐྲན་ནད་དང་། ནུ་སྐྲན། སྙིང་ནད་བཅས་སློང་བའི་ཉེན་ཁ་ཆེན་རུ་འགྲོ་གི་ཡོད་པ་རེད།

    རང་རྒྱལ་ནི་ཐ་མག་ཐོན་སྐྱེད་དང་འཛད་སྤྱོད་བྱེད་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། དུང་ཕྱུར་གསུམ་ལས་བརྒལ་བའི་ཐ་མག་འཐེན་མཁན་དང་གཞན་དབང་གིས་ཐ་མག་འཐེན་མཁན་དུང་ཕྱུར་བདུན་དང་བྱེ་བ་༤ཡིས་ཉིན་ལྟར་ཐ་མག་གི་དུས་བས་བཟོས་པའི་བདེ་ཐང་གི་གནོད་འཚེ་མྱོང་བཞིན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག