མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གཏན་འབེབས་གསར་པ་ཁག་ཅིག་སྤྱི་ཟླ་༢པའི་ཚེས་༡ཉིན་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་པ།

རྩོམ་པ་པོ། ཚེ་དགའ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-02 11:53

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་༢པའི་ཚེས་༡ཉིན་ནས་བཟུང་། དཔལ་འབྱོར་འཚོ་བ་དང་འབྲེལ་་དམ་ཟབ་ཡོད་པ་དང་། དམངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་གཏན་འབེབས་གསར་པ་ཁག་གཅིག་ལག་བསྟར་བྱ་རྒྱུ་ཡིན་པ་རེད། སྤྱི་ཚེས་༡ཉིན་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་པའི་གཏན་འབེབས་གསར་པའི་ནང་། མི་རྣམས་ཀྱི་དོ་སྣང་ཆེ་ཤོས་བྱེད་པ་ནི་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་སྨན་ཁང་དུ་མ་སྐྱེལ་གོང་གི་མྱུར་སྐྱོབ་དོ་དམ་བྱ་ཐབས་ཞེས་པ་དེ་ཡིན་པ་རེད། ཉེ་བའི་ལོ་ཤས་ནང་། མྱུར་སྐྱོབ་རླངས་འཁོར་གྱིས་སྔོན་ལ་གླ་རིན་ལེན་པ་དང་། རྗེས་སུ་མི་སྐྱོབ་པའི་སྣང་ཚུལ་ཐོན་པ་ཟམ་མི་ཆད་པར་སྨྱན་སྦྱོར་ལས་རིགས་ནས་དམར་རྗེན་དུ་བཏོན་པ་དང་། དངོས་གཞིའི་མྱུར་སྐྱོབ་རླངས་འཁོར་གྱི་གྲངས་ཀ་མི་འདངས་བ་དང་། དངོས་གཞི་མིན་པའི་མྱུར་སྐྱོབ་རླངས་འཁོར་སྐྱེ་འཕེལ་བྱུང་ནས། སྨན་བཅོས་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་། ནད་པའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་ཚབས་ཆེན་བཟོས་ཡོད་པ་རེད།

    བྱ་ཐབས་ནང་། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་སྨན་ཁང་དུ་མ་སྐྱེལ་གོང་གི་མྱུར་སྐྱོབ་ནི་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་སྤྱི་ཕན་རང་བཞིན་གྱི་བྱ་བཞག་ཡིན་པས། མྱུར་སྐྱོབ་ལྟེ་གནས་དང་མྱུར་སྐྱོབ་དྲ་བའི་སྨན་ཁང་གིས་གླ་རིན་གྱི་དོན་དུ་སྨན་ཁང་དུ་མ་སྐྱེལ་གོང་གི་མྱུར་སྐྱོབ་ཞབས་ཞུ་མཁོ་འདོན་མི་བྱེད་པའམ་དུས་འགྱངས་གཏོང་མི་ཆོག་པ་དང་། ད་ནས་བཟུང་སྔོན་ལ་གླ་རིན་ལེན་པ་དང་། རྗེས་སུ་མི་སྐྱོབ་པ་ཞེས་པ་བྱེད་ཆོག་ཅེས་བསྟན་ཡོད་པ་རེད།

    སྲིད་གཞུང་ཉོ་སྒྲུབ་ནི་སྔ་བར་ཕྱི་གསུམ་དུ་རུལ་སུངས་གྱོད་གཞི་ཐོན་མང་བ་ཞིག་ཡིན་ཞིང་། ཉེ་ཆར་ནོར་སྲིད་པུའུ་ནས་ཁྱབ་བསྒྲགས་བྱས་པའི་སྲིད་གཞུང་ཉོ་སྒྲུབ་སུ་འཇོན་དེ་འགུག་མ་བྱས་པའི་ཉོ་སྒྲུབ་བྱེད་པའི་དོ་དམ་བྱ་ཐབས་ཞེས་པ་སྤྱི་ཟླ་༢པའི་ཚེས་༡ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པ་རེད། བྱ་ཐབས་ནང་འགྲན་རྩོད་རང་བཞིན་གྱི་དབྱེ་འབྱེད་གྲོས་མོལ་གྱིས་ཉོ་སྒྲུབ་བྱེད་པ་དང་། ཡོངས་ཁུངས་རྐྱང་པ་ནས་ཉོ་སྒྲུབ་བྱེད་པ། རིན་གོང་དྲིས་ནས་ཉོ་སྒྲུབ་བྱེད་པ་བཅས་སུས་འཇོན་དེ་འགུག་མིན་པའི་རྣམ་པའི་ཐོག་ནས་ཉོ་སྒྲུབ་བྱེད་ཐབས་ཀྱི་རྒྱུད་རིམ་ཧྲིལ་པོར་ཁྱོན་ཡོངས་ནས་ཚད་ལྡན་བཟོས་ཡོད་པ་རེད།

    དེ་མིན་ད་དུང་ས་གནས་ཀྱི་གཏན་འབེབས་གསར་པ་ཁག་ཅིག་ཀྱང་སྤྱི་ཚེས་༡ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་སྟེ། དཔེར་ན་ཧོ་པེ་ཞིང་ཆེན་གྱི་འདམ་རའི་སྲུང་སྐྱོབ་གཏན་འབེབས་ཅེས་པས་འདམ་རའི་སྐྱེ་ཁམས་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་བྱ་སྤྱོད་ཐད་བཅའ་ཁྲིམས་ཀྱི་འགན་འཁྲི་བཟོས་ཡོད་པ་རེད། ཀུའེ་ཀྲོའུ་ཞིང་ཆེན་གྲོང་ཁུལ་གྱི་དུག་གཅོད་གྲོང་ཁུལ་གྱི་བདེ་ཐང་སླར་གསོ་མི་སྣའི་ལས་ཞུགས་སྐུལ་འདེད་བྱ་ཐབས་ཞེས་པའི་ནང་། ཁེ་ལས་ནས་དུག་གཅོད་མི་སྣ་བསྡུ་ལེན་བྱེད་རྒྱུར་སྐུལ་མ་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བསྟན་ཡོད་པ་རེད། ཧྲའན་ཤིས་ཞིང་ཆེན་དང་ཧྲེང་ཀྲེང་གྲོང་ཁྱེར་གྱིས་སྤྱི་ཚེས་༡ཉིན་ནས་བཟུང་ཁག་སོ་སོར་གླ་ཕོགས་ཀྱི་ཚད་གཞི་དམའ་ཤོས་སྒོར་༡༢༨༠དང་སྒོར་༡༨༠༨བར་མཐོ་རུ་བཏང་ཡོད་པ་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག