མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་མི་རིགས་སློབ་གྲྭ་འབྲིང་ཆུང་གི་རྒྱ་ཡིག་སློབ་ཚན་ཚད་གཞི་བཟོ་བཅོས་བྱ་རྒྱུ།

རྩོམ་པ་པོ། ཚེ་དགའ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-02 11:53

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར། སྤྱི་ལོ་༢༠༠༦ལོར་ཁྱབ་བསྒྲགས་བྱས་པའི་ཉིན་ཧྲིལ་པོའི་མི་རིགས་སློབ་གྲྭ་འབྲིང་ཆུང་གི་རྒྱ་ཡིག་སློབ་ཚན་གྱི་ཚད་གཞི་ཚོད་ལྟའི་ལག་བསྟར་གྱི་རྨང་གཞིའི་ཐོག་བཟོ་བཅོས་བྱས་པའི་མི་རིགས་སློབ་གྲྭ་འབྲིང་ཆུང་གི་རྒྱ་ཡིག་སློབ་ཚན་འོས་འགན་སློབ་གསོའི་ཚད་གཞི་བེད་སྤྱོད་བྱེད་འགོ་ཚུགས་ཤིང་། ཚད་གཞིའི་ནང་གྲངས་ཉུང་མི་རིགས་སློབ་མའི་རྒྱ་ཡིག་བེད་སྤྱོད་གཏོང་བའི་ནུས་པར་དེ་བས་མཐོང་ཆེན་བྱས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རྒྱ་ཡིག་བེད་སྤྱོད་གཏོང་བའི་ནུས་པ་ཆགས་པར་བྱེད་རྒྱུ་དེ། སློབ་མའི་རྒྱའི་སྐད་ཡིག་ཤེས་བྱ་དང་། སྐད་ཀྱི་ནུས་པ། རིག་གནས་འདུ་ཤེས། སློབ་སྦྱོང་བྱ་ཐབས། བརྩེ་སེམས་རྣམ་འགྱུར་བཅས་ཕྱོགས་ལྔའི་ཕྱོགས་བསྡུས་གོང་འཕེལ་གྱི་རྨང་གཞིའི་ཐོག་འཇོག་རྒྱུ་ཡིན་པ་རེད། སློབ་ཚན་ཚད་གཞི་གསར་པ་དེས་ལོ་དགུའི་སློབ་སྦྱོང་གོ་རིམ་ལྟར་ཇུས་འགོད་བྱས་ཤིང་། སྤྱིའི་དམིགས་ཚད་ཀྱི་རྨང་གཞིའི་འོག་གོང་གསལ་ཕྱོགས་ལྔ་ལྟར་ལོ་རིམ་དང་པོ་ནས་གཉིས་པ་དང་། ལོ་རིམ་གསུམ་པ་ནས་བཞི་པ། ལོ་རིམ་ལྔ་པ་ནས་དྲུག་པ། ལོ་རིམ་བདུན་པ་ནས་དགུ་པ་བཅས་སློབ་སྦྱོང་དུམ་མཚམས་བཞི་ལ་དབྱེ་ནས་ཁག་སོ་སོར་སློབ་སྦྱོང་དུམ་མཚམས་ཀྱི་ཚད་གཞི་བཏོན་ཡོད་པ་རེད།

    སློབ་གསོ་པུས་ས་གནས་ཁག་ནས་མི་རིགས་སློབ་གྲྭ་འབྲིང་ཆུང་གི་རྒྱ་ཡིག་སློབ་ཚན་འོས་འགན་སློབ་གསོའི་ཚད་གཞི་དེ་སྐད་ཡིག་གཉིས་ཀྱི་དགེ་རྒན་སྦྱོང་བརྡར་བྱེད་པའི་གལ་ཆེའི་ནང་དོན་ཞིག་ལ་བརྩིས་ནས། འབྲེལ་ཡོད་སྦྱོང་བརྡར་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག