མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བོད་སྐྱོར་ལས་བྱེད་པས་དྲོ་སྐྱིད་བོད་ཁྱིམ་ནང་སྐྱེལ་བ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-02 11:52

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུགས་རྙིང་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་༢༩ཉིན། ཀྲུང་པ་རླངས་འཁོར་ཞིག་ཕོ་བྲང་པོ་ཏ་ལའི་ཐང་ཆེན་བརྒྱུད་ལྷ་སའི་བྱང་ངོས་ཉེ་འདབས་སུ་བསྐྱོད་པ་དང་རླངས་འཁོར་ནང་འབྲས་དང་སྣུམ། གྲོ་ཞིབ་སོགས་དུས་ཆེན་གྱི་ལག་རྟགས་བཅས་བླུགས་ཡོད་པ་རེད།

    དེ་ནི་ཝང་ཧྥུང་ཁྲའོ་དང་ཝང་ཡོང་ཧུའི་སོགས་ཀྱིས་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཡོངས་ཀྱི་ཚབ་ཞུས་ནས་སྤེལ་བའི་དུས་ཆེན་གོང་གྲོང་ཚོ་དང་དུད་ཁྱིམ་ནང་སྐྱོད་པའི་འཚམས་འདྲིའི་བྱེད་སྒོ་ཞིག་ཡིན་ཞིང་འཚམས་འདྲིའི་ཡན་ལག་ཚོགས་ཆུང་དེས་ཁག་སོ་སོར་ལྷག་ས་གྲོང་ཁྱེར་རྒན་གསོ་ཁང་དང་བོད་རང་སྐྱོང་ལྗོངས་བདེ་འཇགས་ལྟ་སྐུལ་ཅུས་ཀྱི་གྲོང་ཚོར་བཅའ་སྡོད་ས་ཚིགས་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་གནས་ཆུང་གྲོང་ཚོ་དང་གནས་ཆུང་གྲོང་ཚོའི་དབུལ་ཕོངས་རྒན་རྒོན། དེ་བཞིན་བོད་རང་སྐྱོང་བྱིས་པ་བུད་མེད་མཉམ་འབྲེལ་ཁང་བཅས་སུ་བསྐྱོད་ནས་རྒན་རྒོན་དང་བྱིས་པ། དེ་བཞིན་གྲོང་ཚོར་བཅའ་སྡོད་རུ་མི་བཅས་ལ་འབྲས་དང་གྲོ་ཞིབ་སོགས་འཚམས་འདྲིའི་དངུལ་སྤྲད་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་རྒན་གསོ་ཁང་གི་འགན་འཁུར་བ་སྒྲོལ་མས་ངོ་སྤྲོད་གནང་བར་གཞིགས་ན། རྒན་གསོ་ཁང་དེའི་ནང་རྒན་རྒོན་ཁྱོན་བསྡོམས་༢༨ཡོད་པ་དང་། ད་ལྟ་རྒན་རྒོན་༡༢ལས་མེད་པ་དང་གཞན་དག་ཚང་མ་རང་སོའི་ཁྱིམ་མིས་ལོ་གསར་གཏོང་བར་བསུས་ཡོད་པ་རེད།

    གསར་འགོད་པས་གནས་ཆུང་གྲོང་ཚོར་མཐོང་གསལ་ལ། གྲོང་མི་ཚོ་སྲིད་གཞུང་ནས་གཅིག་གྱུར་ཐོག་བཀོད་སྒྲིག་བྱས་པའི་ཁང་པ་གསར་པའི་ནང་སྤོས་ཡོད་པ་དང་དབུལ་ཕོངས་དུད་ཚང་རྨོ་ཤི་ལོག་ལགས་ཀྱི་ཁྱིམ་ནང་ཁྱིམ་ཆས་གསར་པ་ཉོས་ཡོད་པ་མ་ཟད་སྨུག་མདོག་གི་ཤེལ་རས་གསར་པ་བརྗེས་ཡོད་པ་རེད།

    ཏང་ལོ༤༠ཡོད་པའི་ཏང་ཡོན་རྒན་གྲས་དོན་གྲུབ་ལྷ་མོས་གཟིམ་ཁང་མཛེས་བཟོ་གནང་གྲུབ་ཡོད་པ་དང་མགྲོན་ཁང་ནང་བོད་བཟོའི་ཁྱིམ་ཆས་ཆ་ཚང་བསྒྲིག་བཤོམ་གནང་ཡོད་པ་རེད། ད་ལོ་ལོ་༧༣ལ་ཕེབས་པའི་དོན་གྲུབ་ལྷ་མོ་ལགས་ཀྱིས་དེ་ཚོ་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་བྱུང་བ་དང་ད་ཆ་གྲོང་ཚོའི་ནང་ཐོན་སྐྱེད་མཉམ་ལས་ཁང་བཙུགས་ཡོད་པ་དང་བུ་མཉམ་ལས་ཁང་ནང་སྐྱེལ་འདྲེན་བྱེད་པར་འགྲོ་གི་ཡོད་པས་ལོ་མཇུག་དུ་དངུལ་དམར་སྤྲད་ནས་འཚོ་བ་ཉིན་རེ་ལས་ཉིན་རེ་ཡག་ཏུ་ཕྱིན་ཡོད་ཅེས་གསུངས་འདུག

    དེ་རྗེས་བོད་སྐྱོར་འཚམས་འདྲི་རུ་ཁག་ཆེད་མངག་བོད་རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་དུ་བསྐྱོད་ནས་དེ་གའི་ཕྲུ་གུ་ཚོར་གཟིགས་པ་དང་ཁོང་ཚོར་ཟ་རིགས་ཙག་ཙིག་དང་ལོ་གསར་གྱི་ལག་རྟགས་གནང་ཡོད་པ་རེད། ཝང་ཧྥུང་ཁྲའོ་ཡིས་ཕྲུ་གུ་ཚོར་ང་ཚོ་ནང་ལ་ཕྲུ་གུ་ཚོར་ལྟ་བར་འགྲོ་མི་ཐུབ་པས་ཁྱེད་ཚོ་ནི་དུས་ནམ་ཡང་ང་ཚོའི་སེམས་ཁྲལ་ཆེ་ཤོས་ཀྱི་ཕྲུ་གུ་རེད་ཅེས་བཤད་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག