མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་སྡེ་ཁག་མང་པོས་ཐུན་མོང་ཐོག་ཁ་དན་ཚིག་ལ་མི་གནས་མཁན་གྱི་འཚོ་གནས་བར་ཁམས་མེད་པ་བཟོ་བ།

རྩོམ་པ་པོ། ཚེ་དགའ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-02 11:52

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བུ་ལོན་ཡོད་མཁན་གྱིས་ཁྲིམས་ཁང་གི་ཁྲུན་ཐག་བཅད་པ་ལག་བསྟར་མི་བྱེད་པ་དེ་སྤྱི་ཚོགས་ཀྱི་ནད་དུག་ལྟ་བུར་གྱུར་ཡོད། གསར་འགོད་པས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། སྤྱི་བདེ་པུའུ། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས། ཀྲུང་གོའི་དངུལ་ཁང་ལྟ་སྐུལ་ཚོགས་པ་སོགས་སྡེ་ཁག་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱི་སྡེ་ཁག་མང་པོས་ཁ་དན་ཚིག་གནས་འཛུགས་པ་དང་། ཁ་དན་ཚིག་གནས་མི་བྱེད་པར་ཆད་པ་གཅོད་པའི་སྒྲིག་གཞི་བཙུགས་པ་དང་། ཁྲིམས་སྲོལ་ལྟར་བྱ་ཐབས་བཏོན་ནས། ཐུན་མོང་ཐོག་ཁ་དན་ཚིག་གནས་མི་བྱེད་མཁན་གྱི་འཚོ་གནས་བར་ཁམས་མེད་པ་བཟོ་བ་དང་། ཁ་དན་ཚིག་གནས་གཟི་བརྗིད་དང་། ཁ་དན་ཚིག་གནས་མི་བྱེད་པ་ངོ་ཚ་ཡིན་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་སྐྲུན་གྱི་ཡོད་པ་རེད།

    རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱི་ཁེ་ལས་ཐོ་འགོད་ཅུས་ཀྱི་འགན་འཁུར་མི་སྣས་ངོ་སྤྲོད་གནང་བར། དཔལ་འབྱོར་གྱི་སྲོལ་ལམ་འགྱུར་བ་དང་། སྤྱི་ཚོགས་སྒྲིག་གཞི་འགྱུར་བ་སོགས་ཀྱི་རྒྱུད་རིམ་ནང་ཁ་དན་ཚིག་ལ་མི་གནས་པ་སོགས་ཀྱི་གནད་དོན་ཐོན་ཡོད་པས། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ནས་སྤྱི་ལོ་༢༠༠༣ལོར་ཁོངས་གཏོགས་ཡོངས་སུ་ཁེ་ལས་ཀྱི་ཁ་དན་ཚིག་གནས་ལྟ་སྐུལ་དོ་དམ་བྱས་པ་དང་། ཁ་དན་ཚིག་གནས་མི་བྱེད་པའི་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

    ལྷག་པར་དུ་ཁོངས་གཏོགས་ཡོངས་ཀྱི་ཁེར་གཉེར་ལག་ཁྱེར་མེད་པ་བཟོས་པའི་ཁེ་ལས་ཀྱི་མིང་མཛོད་ཕྱོགས་བསྡུས་བྱས་ནས། ཁྲོམ་རའི་ཡིད་རྟོན་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་དང་། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་པ་རེད།

    མིག་སྔའི་བར་སླེབས་དུས། མིང་མཛོད་དེའི་ནང་ཁེ་ལས་ཀྱི་ཁེ་གཉེར་ལག་ཁྱེར་མེད་པ་བཟོས་པའི་ཆ་འཕྲིན་ས་ཡ་བཞི་དང་དྲུག་འབུམ་ལྔ་ཁྲི་ལྷག་ཙམ་ཡོད་པ་རེད། འགན་འཁུར་མི་སྣ་དེས། མིང་མཛོད་དེ་བརྒྱུད་ནས་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ནས་གཞི་རིམ་བཟོ་ཚོང་ཁང་བར་གྱི་རིམ་པ་ལྔའི་དྲ་འབྲེལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁ་དན་ཚིག་གནས་མི་བྱེད་མཁན་གྱི་མ་གནས་ཆེ་རུ་བཏང་ཡོད་ཅེས་གསུངས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག