མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་ཟླ་གསུམ་པའི་ཚེས་ལྔ་ཉིན་འཚོགས་མགོ་རྩོམ་རྒྱུ་ཡིན་ལ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་ཟླ་གསུམ་པའི་ཚེས་གསུམ་ཉིན་འཚོགས་མགོ་རྩོམ་རྒྱུ་ཡིན་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-02 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་དེ་སོ་སོར་ཉིས་སྟོང་བཅུ་བཞི་ལོའི་ཟླ་གསུམ་པའི་ཚེས་ལྔ་དང་ཟླ་གསུམ་པའི་ཚེས་གསུམ་ཉིན་པེ་ཅིན་ནས་འཚོགས་མགོ་རྩོམ་རྒྱུ་རེད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་དང་རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་གྱིས་ཟླ་གཉིས་པའི་ཚེས་གཅིག་ཉིན་གནས་ཚུལ་དེ་བསྒྲགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་སྐབས་དེར་བཅར་འདྲི་ཡོང་བར་དགའ་བསུ་ཞུས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པས་པེ་ཅིན་ཁྲང་ཨན་ནུབ་ལམ་བྱང་འདབས་ཀྱི་མཱེ་ཏེ་ཡ་ལྟེ་གནས་ནས་གསར་འགྱུར་ལྟེ་གནས་བཙུགས་ཏེ། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་སྣེ་ལེན་དང་བཀོད་སྒྲིག་བྱེད་རྒྱུ་ཡིན་ལ། གསར་འགྱུར་ལྟེ་གནས་དེས་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་བཟུང་བྱ་བ་སྒྲུབ་རྒྱུ་རེད།

ཚོགས་ཆེན་གཉིས་ལ་བཅར་འདྲི་བྱེད་འདོད་པའི་གསར་འགོད་པ་ཚང་མས་རེ་ཞུ་བྱེད་དགོས་ཏེ། ཀྲུང་དབྱང་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པས་གསར་འགྱུར་ལྟེ་གནས་ལ་རེ་ཞུ་བྱེད་དགོས་པ་དང་། ས་གནས་ཀྱི་འཐུས་ཚབ་ཚོགས་པ་དང་འགྲོགས་པའི་གསར་འགོད་པ་ཡིན་ཚེ་འཐུབ་ཚབ་ཚོགས་པ་སོ་སོས་གསར་འགྱུར་ལྟེ་གནས་ལ་རེ་ཞུ་བྱེད་དགོས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གསར་འགོད་པས་ཀྲུང་དབྱང་མི་དམངས་སྲིད་གཞུང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་སྡོད་པའི་འབྲེལ་གཏུག་གཞུང་སྒྲུབ་ཁང་ལ་རེ་ཞུ་བྱེད་དགོས་པ་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གསར་འགོད་པས་ཀྲུང་དབྱང་མི་དམངས་སྲིད་གཞུང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་སྡོད་པའི་འབྲེལ་གཏུག་གཞུང་སྒྲུབ་ཁང་ལ་རེ་ཞུ་བྱེད་དགོས། ཐེ་ཝན་ས་ཁུལ་གྱི་གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་ལས་དོན་གཞུང་སྒྲུབ་ཁང་ལ་རེ་ཞུ་བྱེད་དགོས་པ་དང་། གནས་སྐབས་སུ་ཀྲུང་གོར་ཡོང་བའི་ཕྱི་རྒྱལ་གྱི་གསར་འགོད་པས་རྒྱལ་ཁབ་དེ་ན་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཡང་ན་ཕྱི་འབྲེལ་པུའུ་ཡིས་དབང་ཆ་གནང་བའི་དཔང་ཡིག་སྟེར་བའི་ལས་ཁུངས་ལ་རེ་ཞུ་བྱེད་དགོས། གསར་འགོད་པས་མིང་ཐོ་འགོད་པའི་དུས་ཚོད་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་བར་ཡིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག