མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་འཛམ་གླིང་ཡོངས་ཀྱི་ཀྲུང་གོ་བར་ལུགས་རྙིང་ལོ་སར་གྱི་རྟེན་འབྲེལ་ཞུས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།    2014-02-01 13:32

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཤིང་ཕོ་རྟ་ལོའི་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲང་ངར་ལ་མ་འཛེམ་པར་ནང་སོག་ཀུའུ་ཞེ་ལིན་ཀོ་ལེ་རྩྭ་ཐང་དུ་ཕེབས་ཏེ། རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ལ་འཚམས་འདྲི་མཛད། དགུན་ཁའི་ནཱ་ཏཱ་མུའུ་བྱ་འགུལ་སྤེལ་ས་ནས། ཞི་ཅིན་ཕེན་གྱིས་ས་དེའི་མང་ཚོགས་ལ་རྟེན་འབྲེལ་ཞུས་པའི་ཞོར་དུ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་། ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་སྤུན་ཟླ། འཛམ་གླིང་ཡོངས་ཀྱི་ཀྲུང་གོ་བ་བཅས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས།

    ཞི་ཅིན་ཕེན་གྱིས་གསུང་དོན། ལུགས་རྙིང་ལོ་སར་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་ཀྲུང་གོ་བའི་ཐུན་མོང་གི་དུས་ཆེན་ཞིག་ཀྱང་ཡིན། གོ་སྐབས་འདི་དང་བསྟུན་ནས་བདག་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ལོ་སར་གྱི་རྟེན་འབྲེལ་ཞུ་བ་དང་། ཞང་ཀང་སྤུན་ཟླ་དང་ཐེ་ཝན་སྤུན་ཟླ། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བ་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ལ། འཛམ་གླིང་སྟེང་གི་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོའི་ཀྲུང་གོ་བར་སྨོན་འདུན་བཟང་བོ་ཞུས་པ་ཡིན། ཚང་མའི་ལུས་ཕུང་བདེ་ཐང་དང་ཁྱི་ཚང་སྤྲོ་སྐྱིད་ལྡན་ལ། ཅི་བསམ་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ་ཞེས་གསུངས།     ཞི་ཅིན་ཕེན་གྱིས་བསྟན་དོན། རྒྱལ་ཡོངས་མི་དམངས་ཀྱིས་རྟ་ཡི་ལོ་ལ་མུ་མཐུད་དུ་ཞུམ་མེད་ཀྱི་སྙིང་སྟོབས་དར་སྤེལ་དང་། མུ་མཐུད་དུ་བློ་གཅིག་སེམས་གཅིག་གིས་འབད་འབུངས་བྱེད་དགོས། སྙིང་ཐག་པ་ནས་མེས་རྒྱལ་དར་རྒྱས་གོང་འཕེལ་འབྱུང་བ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་སྔར་ས་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུས་པ་ཡིན། མཇུག་མཐར་བདག་གིས་སྒོ་ཕྱུགས་རིགས་ལྔའི་གཏམ་རྒྱུད་ཀྱི་གོ་དོན་ལ་བརྟེན་ནས་ཆར་ཆུ་དུས་སུ་འབབ་ཅིང་། ཕྱུགས་རིགས་འཕེལ་ཁ་དར་བ། མི་དམངས་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག