མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དཔྱིད་གསར་དུས་ཆེན་གྱི་གུང་སེང་ཡུལ་སྐོར་ཉིན་དང་པོའི་བདེ་འཇགས་ཡག་པོ་བྱུང་བ།

རྩོམ་པ་པོ། ཚེ་དགའ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-01 13:32

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་དང་པོའི་ཚེས་༣༡ཉིན་ནི་ལུགས་རྙིང་ལོ་གསར་གྱི་ཚེས་གཅིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་གླ་རིན་བསྡུ་བའི་གཞུང་ལམ་ནས་མི་མདུན་མན་ཆད་ཀྱི་རླངས་འཁོར་ཆུང་གྲས་ལ་མུ་མཐུད་ནས་གླ་རིན་མི་ལེན་པའི་འགྲོ་སྐྱོད་སྲིད་ཇུས་ལག་བསྟར་བྱེད་འགོ་ཚུགས་ཡོད་ཅིང་། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་འགྲོ་སྐྱོད་བྱེད་ཚད་མངོན་གསལ་གྱིས་མང་དུ་ཕྱིན་པ་དང་། པེ་ཅིན་དང་ཧྲང་ཧེ་སོགས་མྱུར་བགྲོད་གཞུང་ལམ་གཙོ་བོའི་འགྲིམ་འགྲུལ་བྱེད་ཚད་དུས་མཚུངས་སྡོམ་རྩིས་དུས་མཚམས་ལས་བརྒྱ་ཆ་བཞི་བཅུ་འཕར་ཡོད་པ་རེད། རྒྱལ་ཡོངས་ཀྱི་གཞུང་ལམ་་དང་ཆུ་ལམ་འགྲུལ་བཞུད་བྱེད་ཚད་སྤྱི་ཟླ་དང་པོའི་ཚེས་༣༠ཉིན་དང་བསྡུར་ན་ཆག་ཡོད་པ་རེད། སྤྱི་ཟླ་དང་པོའི་ཚེས་༣༠ཉིན། རྒྱལ་ཡོངས་ལྕགས་ལམ་གྱིས་གནས་སྐབས་མར་འཁོར་༡༡༤སྣོན་གཏོང་བྱས་པ་དང་། འགྲུལ་པ་མིའི་ཐེངས་གྲངས་ས་ཡ་གཉིས་དང་སུམ་འབུམ་སྐྱེལ་འདྲེན་བྱས་ཡོད་པ་རེད།

    དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་འགོ་ཚུགས་རྗེས། གཞུང་ལས་སྐྱེལ་འདྲེན་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མའི་ཐེངས་གྲངས་དུང་ཕྱུར་༡༣དང་བྱེ་བ་བདུན་དང་ས་ཡ་གསུམ་སྐྱེལ་འདྲེན་བྱས་པ་དང་། དུས་མཚུངས་ལས་བརྒྱ་ཆ་བཞི་དང་གྲངས་ཆུང་བཞི་འཕར་ཡོད་པ་རེད། སྤྱི་ཟླ་དང་པོའི་ཚེས་༣༡་ཉིན་གྱི་ཆུ་ཚོད་༡༨བར་བར་སླེབས་དུས། མི་ལྔ་ཡན་ཤི་རྨས་ཀྱི་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་ཐོན་མེད་པ་རེད།

    རྒྱལ་ཡོངས་གུང་སེང་གཞུང་ལས་ཁང་ནས་ཁྱབ་སྤེལ་བྱས་པའི་ཡུལ་སྐོར་ཁྲོམ་རའི་ཆ་འཕྲིན་ཐོག་ནས་མངོན་པར། ས་གནས་ཁག་ཏུ་དུས་ཆེན་གྱི་རྣམ་པ་ཟབ་མོ་ཡོད་ཅིང་། དམངས་སྲོལ་བྱེད་སྒོ་གཅིག་མཇུག་གཉིས་མཐུད་ངང་སྤེལ་བ་དང་། གུང་སེང་ཡུལ་སྐོར་ཁྲོམ་རའི་བདེ་འཇགས་ཡག་པོ་བྱུང་ཡོད་པ་རེད། སྤྱི་ཟླ་དང་པོའི་ཚེས་༣༠ཉིན་གྱི་ཆུ་ཚོད་༡༢ཉིན་ནས་སྤྱི་ཟླ་དང་པོའི་ཚེས་༣༡ཉིན་གྱི་ཆུ་ཚོད་༡༦བར་སླེབས་དུས། རྒྱལ་ཁབ་ཡུལ་སྐོར་ཅུས་ལ་ཡུལ་སྐོར་བདེ་འཇགས་དོན་འཛོལ་གྱི་སྙན་ཞུ་འབྱོར་མེད་པ་དང་། རྒྱུན་ལྡན་གྱི་ཡུལ་སྐོར་ཞུ་གཏུག་རྣམ་གྲངས་བདུན་བདག་སྤྲོད་བྱས་ཡོད་པ་རེད།

    སྨུག་སྤྲིན་འཐིབས་པའི་དབང་གིས་ཞིང་ཆེན་བཅུ་ལྷག་གི་མྱུར་བགྲོད་གཞུང་ལམ་ལ་ཤུགས་རྐྱེན་བཟོས་ཡོད་པ་དང་། དབུས་ཤར་ས་ཁུལ་གྱི་མྱུར་བགྲོད་གལུང་ལམ་ལ་སྤྱི་ཚེས་༣ཉིན་མུ་མཐུད་སྨུག་སྤྲིན་གྱི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག