མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གནམ་གང་མཚན་མོར་རྒྱལ་ཡོངས་སུ་མེ་སྐྱོན་ཐེངས་1047ཐོན་པ།

རྩོམ་པ་པོ། ལྷག་པ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-01 13:32

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་དམངས་མང་ཚོགས་དཔྱིད་གསར་དུས་ཆེན་དགའ་གཏོང་ཐུབ་པ་འགན་ལེན་བྱེད་ཆེད། སྤྱི་བདེ་པུས་རྒྱལ་ཡོངས་སུ་གཅིག་བསྡུས་ཐོག་གནམ་གང་མཚན་མོའི་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། རིམ་ཁག་སྤྱི་བདེ་ལས་ཁུངས་ནས་སྤྱི་པའི་རོལ་རྩེད་ཁང་དང་། གཅིག་བསྡུས་ཐོག་ ཤོག་སྦག་རྒྱག་སའི་ཁུལ། དུས་ཆེན་ལ་རྟེན་འབྲེལ་དང་འཁྲབ་སྟོན་ཆེ་གྲས་བྱེད་ས་སོགས་མང་ཚོགས་རང་བཞིན་གྱི་བྱེད་སྒོ་སྤེལ་སར་མེ་ཟོན་བདེ་འཇགས་གཙོ་གནད་ཞིབ་བཤེར་དང་ལྟ་སྲུང་བྱས་ཡོད་པ་རེད།

    སྤྱི་བདེ་པུའི་མེ་ཟོན་ཅུས་ནས་བསྡོམས་བརྩིས་བྱས་པར་གཞིགས་ན། སྤྱི་ཟླ་དང་པོའི་ཚེས་༣༠ཉིན་གྱི་ཆུ་ཚོད་༢༠ནས་ཚེས་༣༡ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོའི་བར། རྒྱལ་ཡོངས་སུ་ཁྱོན་མེ་སྐྱོན་ཐེངས་༡༠༤༧ཐོན་པ་དང་མི་༡༠རྐྱེན་ལམ་དུ་སོང་བ། ཚབས་ཆེ་བའི་མེ་སྐྱོན་དོན་འཛོལ་ཐོན་མེད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག